བོད་ཀྱི་ལྷ་རིས་པ་ཁྲི་བཙན་རབ་བརྟན་གྱི་བརྩམས་ཆོས་བདམས་བཀོད།

QQ图片20170912183750.jpg
 བོད་ཀྱི་ལྷ་བྲིས་པ་ཁྲི་བཙན་རབ་བརྟན།
བོད་ཀྱི་ལྷ་བྲིས་པ་ཁྲི་བཙན་རབ་བརྟན། 1979ལོར་མདོ་སྨད་སི་ཁྲོན་རྔ་བ་ཁུལ་ཟིང་ཆུ་རྫོང་ནས་སྐྱེས། བོད་ཀྱི་རིམ་པ་དང་པོའི་ཐང་གའི་སྒྱུ་རྩལ་མཁན། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་རང་སྐྱོང་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། ཞང་བོད་སྒྱུ་རྩལ་སློབ་གྲྭའི་དབུ་གཙོ། ཞང་ཞུང་གི་རི་མོའི་རྒྱུན་འཛིན་པ་བཅས་ཡིན།
0816_1.jpg

 

0816_2.jpg
དཔལ་ལྡན་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་ཕུལ་བའི་ཞལ་ཐང་གི་རྒྱབ་ཡིག 
QQ图片20170912183736.jpg
2002ལོ་ནས་2005ལོའི་བར་སི་ཁྲོན་བོད་ཡིག་སློབ་གྲྭའི་མཛེས་རྩལ་སྡེ་ཁག་ནས་རི་མོ་འབྲི་སྦྱོང་ལ་ཐོག་མའི་གོམ་ཁ་བསྒྱུར་ཅིང་། 2006ལོ་ནས་2007ལོའི་བར་མཚོ་སྔོན་སེང་གེ་གཤོང་མ་མགོ་རུ་བོད་ཀྱི་རི་མོའི་འབྲི་རྩལ་ལ་སྦྱངས་པ་བྱས། 2007ལོ་ནས་2013ལོའི་བར་བོད་ལྗོངས་བསྟན་པ་རབ་བརྟན་སྒྱུ་རྩལ་སློབ་གླིང་ནས་རྒན་བསྟན་པ་རབ་བརྟན་མཆོག་དགེ་རྒན་དུ་བསྟེན་ནས་བོད་ཀྱི་མཛེས་རྩལ་ལོ་རྒྱུས་དང་ལག་ལེན་གཉིས་ཐད་ནས་སྦྱངས་པ་རྡོ་རུས་ཐུག་པ་བྱས་ཏེ་ཕུལ་བྱུང་མཐར་ཕྱིན་སློབ་མའི་མཚན་བཏགས་བླངས། 2008ལོར་དབུ་མཛད་ཆེན་མོ་ལྡོང་མདོ་ཚེ་རིང་གཡང་འཕེལ་མཆོག་གི་ཞལ་དང་པོར་མཇལ་བའི་གོ་སྐབས་བྱུང་པ་དང་སྐབས་དེ་ནས་ཁོང་གིས་ཞང་བོད་ཀྱི་རི་མོའི་ལོ་རྒྱུས་སོགས་སྦྱང་བརྩོན་བྱས། 2015ལོར་ཀྲུང་གོའི་བོད་ཀྱི་སྒྱུ་རྩལ་དུས་ཆེན་དུ་བརྩམས་བྱ་དང་དཔྱད་རྩོམ་བདམས་ཐོན་བྱུང་སྟེ་མཛེས་རིས་ཆེད་མཁས་ཚོགས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱེད་པའི་བགོ་སྐལ་ཐོབ། མཛེས་རྩལ་བརྩམས་ཆོས་འགའ་རྒྱལ་ཁབ་ཕྱིའི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
0816_6.jpg
ཆོ་འཕྲུལ།

 2009ལོའི་ཟླ་1པོའི་ཚེས་12ཉིན་སྐབས་བཞི་པའི་ཀྲུང་གོའི་ཞྭ་མོན་རྣམ་དཀར་དགེ་ལས་མཁོ་ཆས་འགྲེམས་སྟོན་ནང་ཞུགས། 2009ལོའི་ཟླ་6པར་སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་རྗེས་དྲན་དངོས་རྫས་འགྲེམས་སྟོན་སྐབས་བརྩམས་ཆོས་བཞི་བདམས་ཐོན་བྱུང་བར་མ་ཟད། 《སྤྱན་རས་གཟིགས།》ཀྱི་བརྩམས་ཆོས་ལ་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ།2010ལོའི་ཟླ་8པར་སྐབས་དང་པོའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དུ་བརྩམས་ཆོས་《ཀླུའི་ཁམས།》ཞེས་པར་ཕུལ་བྱུང་བརྩམས་ཆོས་སུ་བདམས་ཐོན་བྱུང་བ་དང་ཚོགས་ར་ནས་པཎ་ཆེན་སྐུ་ཕྲེང་བཞི་པའི་ཐང་ག་འབྲི་བཞེངས་བྱས་ཏེ་བོད་ལྗོངས་ཀྱི་རིམ་པ་དང་པོའི་ཐང་གའི་སྒྱུ་རྩལ་པའི་མཚན་སྙན་དཔང་རྟགས་ཐོབ། 2010ལོའི་ཟླ་11པའི་ནང་པེ་ཅིང་དུ་གཉེར་བའི་《བོད་ལྗོངས་ཐང་གའི་སྒྱུ་རྩལ་གྱི་རིག་དངོས་རྩ་ཆེན་འགྲེམས་སྟོན་ནམ་བོད་ལྗོངས་དེང་རབས་ཐང་གའི་རི་མོ་བའི་མཉམ་འགྲེམས།》ཞེས་པའི་ནང་ཞུགས། 2010ལོར་ཧྲང་ཧེ་རུ་གཉེར་བའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་བརྗེ་རེས་སྟེང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གྱི་ཚབ་མཚོན་དུ་ཞུགས། 

 

0816_2 (1).jpg

བསྟན་སྲུང་གཙོ་མོ་ཡེ་ཤེས་དབལ་མོ།

   2011ལོར་མཚོ་སྔོན་རེབ་གོང་དུ་འབྲི་བཞེངས་བྱས་པའི་ཞལ་ཐང་རིང་མོ་《ཙོང་ཁ་པའི་མཛད་རྣམ།》ཞེས་པར་ཞུགས། 2011དང་2012ལོའི་ཟླ་5པར་སྐབས་བདུན་པ་དང་བརྒྱད་པའི་ཀྲུང་གོའི་ཧྲན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་རྫས་འགྲེམས་སྟོན་ནང་ཞུགས། 2012ལོའི་ཟླ་6པར་བོད་ལྗོངས་ཀྱི་སྐབས་དང་པོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐང་གའི་འགྲེམས་སྟོན་དུ་ཞུགས། 2012ལོའི་11པར་རྒྱབ་ཁབ་རྟེན་མཛོད་ཁང་གི་བོད་ལྗོངས་ཐང་གའི་འགྲེམས་སྟོན་དུ་ཞུགས། 

0816_5.jpg
མགོན་པོ་ཕྱག་དྲུག་པའི་ལྷ་བཀོད།
 2013ལོའི་ཟླ་5པར་ཀྲུང་གོའི་སྒྱུ་རྩལ་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱས་པའི་《བི་ཤྭ་ཀརྨ།》ཕུལ་བྱུང་ན་གཞོན་ཐང་གའི་རི་མོ་དང་ཡིག་གཟུགས་འགྲེམས་སྟོན་ཞེས་པའི་ནང་བརྩམས་ཚོས་《ཤཱཀྱ་མུ་ནེ།》ལ་ཨང་དང་པོའི་བྱ་དགའ་ཐོབ། 2013ལོའི་ཟླ་8པའི་ནང་སྐབས་གསུམ་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དུ་ཞུགས། 2013ལོའི་ཟླ་9པའི་ནང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་གཉེར་བའི་སྐབས་གཉིས་པའི་《འཆམ་མཐུན་བོད་ལྗོངས།》ཞེས་པའི་རི་མོའི་བརྩམས་ཆོས་འགྲེམས་སྟོན་སྟེང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། 2013ལོའི་ཟླ་10པའི་ནང་སྐབས་ལྔ་པའི་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་པའི་དུས་ཆེན་སྟེང་《ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་པ་བཅུ།》ཞེས་པར་བདམས་ཐོན་བྱུང་། 2014ལོའི་ཟླ་10པའི་ནང་སྐབས་བཅོ་ལྔ་པའི་ཀྲུང་གོའི་བཟོ་རིག་སློབ་དཔོན་ཆེན་མོའི་བརྩམས་ཆོས་དང་རྒྱལ་སྤྱིའི་སྒྱུ་རྩལ་རིག་དངོས་འགྲེམས་སྟོན་སྟེང་《མེ་ཏོག་སྣ་བརྒྱའི་བྱ་དགའ།》ཞེས་པའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། 
0816_4.jpg
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཞལ་ཐང་།
2015ལོར་ཐེ་པེའི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གི་གདན་ཞུས་འོག་བོད་ལྗོངས་ཐང་གའི་བརྩམས་ཆོས་འགྲེམས་སྟོན་དུ་ཞུགས་ཤིང་། གསོ་རིག་རྒྱུད་བཞིའི་ཐང་ག་རྟེན་མཛོད་ཁང་དེར་ཉར་ཚགས་བྱས། 2015ལོར་ཐེ་ཝན་གནའ་བོའི་ཕོ་བྲང་གི་ལྷོ་གླིང་སྒོ་འབྱེད་དུས་སྟོན་སྟེང་《ཞང་ཞུང་རྒྱལ་པོ་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་ཐང་སྐུ།》དེ་ས་དེ་གའི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས། 2016ལོར་ཨ་རིའི་ཐང་གའི་བགྲོ་གླེང་ཚོགས་འདུར་ཞུགས། 2016ལོའི་ཟླ་10པར་འཇར་པན་རྒྱལ་སྤྱིའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས། 2016ལོའི་ཟླ་12པར་བོད་ལྗོངས་ཐང་གའི་སྒྱུ་རྩལ་གྱི་འགྲེམས་སྟོན་ནང་དཔྱད་འདེམས་ཆེད་ལས་མཁས་པར་བདམས། 
0816_7.jpg
ཀླུ་ཡི་ཡུལ།
 2017ལོའི་ཟླ་2པར་ཞིན་ཞིས་ལན་ཁུ་ལེ་སི་ཐུ་ཁྱེ་ཆིས་རྒྱལ་སྤྱིའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས། 2017ལོའི་ཟླ་3པར་རྔ་བ་དགེ་འོས་སློབ་གླིང་གི་མཛེས་རྩལ་ཚན་ཁག་གི་གདན་ཞུས་དགེ་རྒན་ཆེན་མོར་གདན་དྲངས། 2017ལོའི་ཟླ་6པར་རྒྱུན་འཛིན་དང་དར་རྒྱས་ཞེས་པའི་ཀྲུང་གོའི་ཁུང་མིང་ཀོན་ཏུའུ་སྐབས་བདུན་པའི་རྒྱལ་ཡོངས་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་དུ་ཞུགས་ཏེ་གསེར་གྱི་བྱ་དགའ་ཐོབ། 2017ལོའི་ཟླ་7པར་བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེན་མོར་བདམས་པ་དང་། 2017ལོར་སྐབས་དྲུག་པའི་ཀྲུང་གོའི་ཁྲིན་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་སྐབས་སུ་རྔ་བ་ཁུལ་ཟུང་ཆུ་རྫོང་གི་འཐུས་ཚབ་ཏུ་བཞུགས་པ་སོགས་ཀྱི་བོད་ཀྱི་ཐུན་མིན་མཛེས་རྩལ་དང་ཞང་ཞུང་ལྷ་རིས་སྒྱུ་རྩལ། ཐང་ག་སོགས་ཀྱི་རིག་གནས་ཐད་ལ་བྱས་རྗེས་བླ་མེད་འཇོག་མཁན་གྱི་ན་གཞོན་ལྷ་རིས་པ་ཞིག་ཡིན་ལ། གཞན་ཁོང་གིས་བོད་ལྗོངས་ཞང་བོད་ཐང་གའི་སྒྱུ་རྩལ་སློབ་གྲྭ་གསར་བཙུགས་གནང་། ད་ཆར་སློབ་གྲྭ་དེར་ལྷ་རིས་ཐང་ག་སོགས་ཀྱི་སློབ་མ་བཅུ་ཕྲག་འགའ་ཡོད་ཅིང་། མ་ཟད་མི་འགྱངས་བར་སི་ཁྲོན་ཟིང་ཆུ་རྫོང་དུ་ཞང་བོད་སྒྱུ་རྩལ་སློབ་གྲྭ་གསར་འཛུགས་གནང་རྒྱུའི་འཆར་གཞི་ལྟར་ད་ཆར་སློབ་གྲྭའི་ཁང་བ་སོགས་འགྲུབ་ལ་ཉེ་ཡོད།0816_1 (1).jpg
ཞང་ཞུང་རྒྱལ་པོ་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱི་ཐང་སྐུ།
0816_3.jpg
གཉའ་ཁྲི་བཙན་པོ།