བོད་ཀྱི་ན་གཞོན་འཁྲབ་སྟོན་པ་བདེ་སྐྱིད་དང་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་བུ།

01.jpg

    དེ་སྐྱིད་ནི་སི་ཁྲོན་ཟིང་ཆུ་རྫོང་གི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས། སློབ་ཆུང་དང་སློབ་འབྲིང་སོགས་རིམ་གྱིས་འགྲིམ་དུས་གླུ་ལེན་པ་དང་ཞབས་བྲོ་འཁྲབ་པ་སོགས་ལ་ཤིན་ཏུ་མཁས་པོ་ཡོད་ཙམ་དགེ་སློབ་མང་པོ་ཞིག་གི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད།

02.jpg

   2006ལོའི་ལོ་གསར་ཚེས་འགོར་སློབ་གྲོགས་ཚོ་དང་ལྷན་དུ་ཁྲིན་འདུ་ནས་པེ་ཅིང་ལ་འགྲོ་བའི་མེ་འཁོར་བསྡད་དེ་ཀྲུང་དབྱང་ཟློས་གར་སློབ་གླིང་དུ་རྒྱུགས་སྤྲོད་པར་ཕྱིན། ལོ་དེར་ཨང་རིམ་བཅུ་བཞི་བའི་རྒྱུགས་འབྲས་བླངས་ནས་ཀྲུང་དབྱང་ཟློས་གར་སློབ་གླིང་གི་འཁྲབ་སྟོན་སྡེ་ཚན་ལ་རྒྱུགས་སྤྲོད། ལོ་དེར་ད་དུང་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་སློབ་གླིང་དུའང་རྒྱུགས་འཕྲོད་ཅིང་ཞིང་ཆེན་ཡོངས་ཀྱི་ཨང་རིམ་གསུམ་པའི་འབྲས་བུ་ལེགས་པོ་བླངས་འདུག པེ་ཅིང་དུ་མི་ལོ་བཞིའི་རིང་འཁྲབ་སྟོན་སོགས་ལ་འབད་པ་བྱས་མཐར་འབྲས་བུའང་ཅུང་ཡིད་ཚིམ་པ་ཞིག་བླངས་ཡོད།

03.jpg

   ད་ལྟའི་བར་འཁྲབ་སྟོན་བྱས་པའི་ཁོ་མོའི་གློག་བརྙན་བརྩམས་ཆོས་ལ་དཔེར་ན། ༼བདེ་ལེན༽༼གཡང་མདའ༽༼ལེ་དབར་ཁྲི་བརྒྱད་ཀྱིས་ཆོད་པ༽༼ཀན་ལྷོའི་བརྩེ་གླུ༽༼ཐ་བ་བདེ་བའི་བདེ་སྐྱིད༽༼གངས་དཀར་རི་བོ༽སོགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་དུས་ཆེན་སྟེང་དུ་བྱ་དགའ་རབ་དང་རིམ་པ་ཞིག་བླངས་ནས་འཁྲབ་ཁྲིད་པ་གྲགས་ཅན་སྐོར་ཞིག་གིས་གདེང་འཇོག་ལེགས་པོ་ཐོབ་ཡོད་དོ། །