རིང་བསྲེལ་རིན་པོ་ཆེའི་རྣམ་བཤད་བཞུགས།

༄༅། །ཞིང་ཁམས་གཞན་དུ་གཤེགས་པའི་༧སྐྱབས་རྗེ་བླ་མ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་གདུང་ཞུས་རིང་བསྲེལ་རྣམ་བཤད་བཞུགས།

IMG_9438.JPGIMG_1558.JPGIMG_1562.JPGIMG_1566.JPGསྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཡོན་ཏན་ཅན་གྱི་གདུང་ལ་ཞབས་ཏོག་དབུལ་ཚུལ་ལས། དེ་ལྟར་འཕགས་མཆོག་བླ་མ་ཡིས། །གདུང་སྦྱོང་བསྲེགས་པར་བྱས་གྱུར་ན། །དྲི་རླང་དུད་པས་གར་ཁྱབ་པའི། །སེམས་ཅན་ངན་སོང་གནས་མི་ལྟུང་། །ཆུ་ལ་བསྐྱུར་ན་ཉ་སྲམ་སོགས། །ཆུ་དེར་གང་འཐུང་ལྟུང་སྒོ་ཆད། །བྱ་ལ་གཏོར་ན་བྱ་དེ་ཡིས། །གཤོག་འོག་གང་ཚུད་ངན་སོང་མེད། །ས་ལ་སྦས་སམ་མཆོད་རྟེན་བཞེངས། །རྟེན་དེ་མཐོང་ཚད་ཐར་པ་ཐོབ། །སཱཙྪ་བཏབ་ནའང་དེ་དང་འདྲ། །དེ་འདྲའི་བླ་མ་མཆོག་ཆེན་གྱི། །སྐྲ་ལས་ཡོངས་སུ་སྨིན་པ་ཡིས། །IMG_1646.JPGརིང་བསྲེལ་ནག་པོ་ལྕགས་མདོག་འབྱུང་། །ཤ་ལས་སྨིན་པའི་གསེར་མདོག་འབྱུང་། །རུས་དང་རླུང་ལས་དུང་མདོག་འབྱུང་། །ཁྲག་དང་ཆུ་ལས་གཡུ་མདོག་འབྱུང་། །དྲོད་དང་མེ་ལས་ཟངས་མདོག་འབྱུང་། །ཐིག་ལེ་དབུ་མ་ལས་སྨིན་པའི། །རིང་བསྲེལ་འོད་ཆགས་ཤེལ་མདོག་འབྱུང་། །ངག་ལ་སྔགས་ཀྱི་ནུས་པའི་རྟགས། །ཡིག་འབྲུ་སྣ་ཚོགས་རང་གསལ་འབྱུང་། །ཏིང་འཛིན་བསྐྱེད་རིམ་བྱན་ཆུད་རྟགས། །ཞི་ཁྲོ་ལྷ་སྐུ་ཞུན་ཐིག་རྟགས། །IMG_1647.JPGབོན་ཉིད་བདེ་ཆེན་སྐུ་ཐོབ་རྟགས། །ཤ་རི་རམ་དང་ནམ་མཁའ་དྭངས། །སྐུ་གསུང་ཐུགས་ཀྱི་དོན་མཛད་རྟགས། །ཐུགས་ལྗགས་སྤྱན་གསུམ་ལ་སོགས་འབྱུང་། །རིགས་དྲུག་སྐྱེ་སྒོ་ཆོད་པའི་རྟགས། །འཇའ་ཚོན་སྤྲིན་དང་མེ་ཏོག་ཆར། །ལས་སྒྲིག་ཉོན་མོངས་དག་པའི་རྟགས། །གདུང་རུས་ཤིན་ཏུ་དཀར་བ་འབྱུང་། །ཆགས་ཞེན་འཁྲི་བ་དག་པའི་རྟགས། །གདུང་རུས་དཀར་ལ་སུ་བ་འབྱུང་། །འཁོར་བའི་ཕྱི་ལམ་ཆད་པའི་རྟགས། །གདུང་རུས་གདུང་ཐལ་དཀར་ལ་ཉུང་། །དེ་དག་སངས་རྒྱས་རྟགས་བཤད་དོ། །ཞེས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ཡོན་ཏན་ཅན་གྱི་གདུང་ལ་ཞབས་ཏོག་འབུལ་ཚུལ་ལས་མཁོ་འདོན་ཞུས་པའོ། །