གདུང་རུས་རིན་པོ་ཆེ་སོགས་ཕྱོགས་བསྡུས་ཞུས་པ།

༢༢༢༢.jpg 

བདེན་གཉིས་ཟུང་འབྲེལ་བརྒྱད་ཁྲི་བཞི་སྟོང་བོན། །

ཤེ༵ས་ར༵བ་གསུམ་ལྡན་སྤྱན་གྱིས་རྣམ་པར་འབྱེད། །

བདེན་བཞི་ལམ་གྱི་བགྲོད་པ་མཐ༵ར་ཕྱི༵ན་ནས། །

སྐུ་ལྔའི་རྒྱལ་སར་དབང་ལ་གསོལ་བ་འདེབས། །

  ཞེས་མཁས་པའི་དབང་པོ་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེས་ཕུལ་བའི་གསོལ་འདེབས།

  IMG_1551 2.JPGIMG_1551 2.JPGIMG_1551 2.JPGIMG_1551 2.JPG

 དེ་ནས་བོད་ཚེས་༢༣ཉིན་གྱི་སྔ་དྲོར་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ། ཀུན་རིག་ལས་བཞི་རྒྱུན་ལྔའི་ཚོགས་སྐབས་ཀྱི་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ། ཤར་སྐྱང་དགོན་གྱི་དགེ་རྒན་དགེ་བཤེས་བསོད་ནམས་ཚེ་རིང་གཙོས་པའི་བླ་གྲྭ་རྣམས་ཀྱིས་༧ཀུན་རིག་ལས་བཞི་རྒྱུན་ལྔའི་སྨོན་ལམ་ཤིང་རིང་རྣམས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཁང་དུ་གདན་དྲངས་ཞུས།

IMG_1551 2.JPGIMG_1551 2.JPGIMG_1551 2.JPG

   དེ་ནས་༧མཁན་སློབ་བླ་དགེ་རྣམ་པས་སྨོན་ལམ་ཤིང་རིང་གསུངས་ཏེ་མེ་ཐབ་ཏུ་ཞུགས་འབུལ་གནང་། དེ་བཞིན་གྲྭ་མང་ཡོངས་ནས་ཀུན་རིག་གཞུང་ཆོག་ལྟར་གསུངས་ཏེ་ཀུན་གཞུང་མཇུག་བསྡུས་མཐར་ཕྱིན་ཞུས།

IMG_1551 2.JPGIMG_1551 2.JPGIMG_1551 2.JPGIMG_1551 2.JPG  

དེ་ནས་ཉིན་གུང་རྗེས་སུ་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་བླ་གྲྭ་རྣམ་པས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཟིན་གྲུབ་ཀྱི་དབུ་གཡང་དང་། གདུང་རུས། གདུང་ཐལ་སོགས་མཐར་བསྡུ་གནང་སྟེ། ༧སྐྱབས་རྗེ་ཞིང་གཤེགས་ཁོང་རིན་པོ་ཆེའི་བླ་བྲང་དུ་གདན་ཞུས་གནང་། དེ་ནས་གདུང་རུས་རིན་པོ་ཆེ་སོགས་ལ་ཕྱི་ནང་གསང་བའི་མཆོད་བཤམས་ཞུས་པ་བཅས་སོ། །

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༣་༡ཉིན།