བོད་ཚེས་༢༡ཉིན་གྱི་དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ།

1551090219734552.jpg
ཨེ་མ་ཧོ།
སྐྱེ་མེད་གདོས་བྲལ་ཀུན་བཟང་དགོངས་བརྙེས་ཤིང་།

འགག་མེད་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་ཅན།

གཉིས་མེད་རྩལ་སྣང་བསླབ་གསུམ་རྣམ་པར་དག

སྐྱབས་མཆོག་ཤེས་རབ་མཐར་ཕྱིན་གསོལ་བ་འདེབས།
IMG_0712.jpg

   བོད་ཚེས་༢༡ཉིན་འཆར་ཅན་ལྟར་ཉིན་རེ་བཞིན་རིན་སྤུངས་གྲྭ་ཚང་གིས་མཁན་ཆེན་བླ་བྲང་ནས་རྒྱལ་བ་རྒྱ་མཚོའི་ཆོག་གཞུང་།

1551091251792645.jpg

   སྣང་ཞིག་ལྕགས་མདུད་ཁོང་རིན་པོ་ཆེའི་བླ་བྲང་ནས་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་ཕུལ་བཞིན་པ་དང་། བྲག་གཡུང་དྲུང་དགོན་བཙུན་མའི་གྲྭ་ཚང་ནས་ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མ་སོགས་ཀྱི་ཚོགས་འཁོར་ཕུལ་ཅིང་།

IMG_1631.jpg
སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་སོགས་ནས་སྐུ་གདུང་རིན་པོ་ཆེའི་མདུན་ནས་ཆེད་དུ་ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་ཕུལ་བ་དང་།

 

 

   དེ་ནས་འཆར་ཅན་ལྟར་༧སྐྱབས་རྗེ་མཁན་སློབ་རྣམ་པ་དང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་བླ་གྲྭ་འདུས་པ་གཙོས་པའི་གྲྭ་མང་ཡོངས་ཀྱིས་ཚོགས་ཆེན་འདུ་ཁང་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོག་གཞུང་བསྲངས་ཏེ་བདེ་བར་གཤེགས་པའི་སྟོང་གི་མཚན་བརྗོད་པ་སོགས་ཀྱི་དགོངས་རྫོགས་ཕུལ།

 

   དེ་ནས་འཆར་ཅན་ལྟར་ཁོང་རིན་པོ་ཆེའི་གཞིས་དགོན་སྐྱང་ཚང་དགོན་པའི་བླ་གྲྭ་ཡོངས་ནས་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་འཕྲིན་ལས་ཆོ་གའི་གཞུང་བསྲངས།   དེ་ནས་འཆར་ཅན་ལྟར་དགའ་མལ་དགོན་པའི་གྲྭ་མང་ནས་སྒྲུབ་ཁང་ནས་བོན་སྐྱོང་ཚོགས་བརྒྱའི་ཚོགས་འཁོར་ཕུལ།

IMG_5986.jpg

  དེ་ནས་ཉིན་གུང་གི་རྗེས་སུ་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་ཚབ་དགའ་མལ་དགོན་ཆེན་དུ་ཆེད་ཕེབས་ཐུགས་གསོའི་འཚམས་འདྲིར་ཕེབས་ཤིང་། ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་ཆོས་ལུགས་ཅུའུ་ཡི་ཅུས་ཀྲང་། ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད་སོགས་ཆེད་ཕེབས་གནང་།

 


1551091496912661.jpeg1551091496330484.jpeg1551091496136225.jpeg

   བླ་མ་ཤེས་རབ་གོང་འཕེལ་གྱིས་འགན་ཁུར་འོག་མི་མང་ཁག་གཅིག་གིས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཁང་དང་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་ཐབ་སོགས་བཀོད་སྒྲིག་ཞུས།

 

1551090535534626.jpg
1551090536416848.jpg

1551090536125226.jpg1551090535125463.jpg1551090535593365.jpg
1551090535108539.jpg

  གཞན་ཉིན་གང་བོ་ལ་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་སྐུ་གདུང་རིན་པོ་ཆེ་མཇལ་བ་ཞུས།   དེ་ནས་འཆར་ཅན་ལྟར་ཉིན་གུང་ཆུ་ཚོད་༣པ་ཡས་མས་ནས་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་དད་ལྡན་མང་ཚོགས་ཡོངས་ཀྱི་མར་མེ་ཁྲི་བཞི་ལྷག་གི་དགོངས་རྫོགས་མཚན་མཆོད་མར་མེའི་མཆོད་པ་དང་འབྲེལ་བླ་གྲྭ་འདུས་པ་ཡོངས་ནས་བླ་མའི་མཆོད་པ་ཕུལ་ཅིང་།

 

1551104551520598.jpg

   གཞན་སེར་སྐྱ་ཡོངས་ནས་ཁོང་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་སྟེ་ཚོགས་ཁང་དང་བླ་བྲང་སོགས་ལ་སྐོར་ཕྱག་ཞུས་ཏེ་དགོངས་རྫོགས་ཞུས་ཤིང་།

 

1551104549459794.jpg

   གཞན་དད་ལྡན་བརྒྱ་ཕྲག་དུ་མས་དགའ་མལ་གླིང་སྐོར་དང་གནས་ཆེན་བྱ་དུར་ལ་སྐོར་བ་དང་རྐྱང་ཕྱག་འཚལ་ཞུ།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༢༥ཉིན།