སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གསལ་བརྡ།

IMG_9438.jpg
གདུང་ཞུགས་གསལ་བརྡ། བོད་ཡིག་ཅན།.jpg

 

 

སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གསལ་བརྡ།

   ད་ལན་མདོ་སྨད་བསྟན་པའི་བདག་པོ་ སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཟིམས་པའི་གནས་ཚུལ། ཕྱོགས་དང་ཕྱོགས་སུ་གནས་པའི་དད་ལྡན་དམངས་ཚོགས་དང་འབྲེལ་ཡོད་མི་སྣ་རྣམས་ཀྱིས་མཁྱེན་གསལ་ལྟར། དགོངས་རྫོགས་དང་འབྲེལ་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་མཆོད་འབུལ་དང་ཐུགས་གསོའི་འཚམས་འཕྲིན་འབྱོར་བ་ལ་༧ ངེད་དགའ་མལ་དགོན་ཆེན་གྱི་ངོས་ནས་ཐུགས་རྗེ་ལེགས་གསོལ་ཞུ་བ་མ་ཟད། ཁྱད་པར་དུ་དད་ལྡན་དམངས་ཚོགས་ནས་ཉིན་མཚན་དབྱེར་མེད་དུ་དགེ་སྒྲུབ་སྡིག་སྤང་གི་ལས་ལ་བརྩོན་པ་ནི། བླ་མའི་དགོངས་རྫོགས་སྐབས་ཀྱི་དགེ་བའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཡིན་པས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

   འདིར་ཆེད་དུ་ཞུ་རྒྱུ་ལ། ཟླ་འདིའི་སྤྱི་ཚེས་༡༤དང་བོད་ཚེས་༡༠ཉིན། སྐྱབས་རྗེ་མཁན་ཆེན་མཆོག་དགོངས་པ་གཞན་དུ་གཟིགས་ནས། གནམ་རིམ་པ་བཅུ་གསུམ་གྱིས་མཚོན་པའི་ཉིན་གྲངས་ཏེ། ༢༠༡༩་༢་ཚེས་༢༦དང་བོད་ཚེས་༢༢ཉིན། དུས་ཚོད་༡༠ཡས་མས་སུ་སྐུ་གདུང་རིན་པོ་ཆེ་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་དུ་ཞུགས་ལ་བཞེན་པའི་ཉིན་མོ་ཡིན་ལ། རིན་པོ་ཆེའི་བྱམས་བརྩེ་དང་མཛད་འཕྲིན་ནི་ནམ་ཡང་ནུབ་མི་སྲིད་ནའང་། སྐུ་གདུང་རིན་པོ་ཆེ་ཉིན་དེ་ནས་བཟུང་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་ངེས་ཡིན་པས། དད་ལྡན་དམངས་ཚོགས་དང་འབྲེལ་ཡོད་མི་སྣ་ཡོངས་ནས་དེ་ལུགས་ཀྱིས་མཇལ་བཅར་དང་མཆོད་འབུལ་དགེ་རྩ་བསྒྲུབ་རྒྱུ་རེ་བསྐུལ་ཞུ་བཞིན་ཡོད་ལགས།

  དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༢ཉིན།