གདུང་རུས་རིན་པོ་ཆེ་སོགས་ཕྱོགས་བསྡུས་ཞུས་པ།

༄༅། །བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་རབས་གཉིས་པ་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེའི་གདུང་རུས་གདུང་ཐལ་སོགས་ཕྱོགས་བསྡུས་ཞུས་པ།
IMG_2944.JPG
ཨེ་མ་ཧོ། ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ལུང་རྟོགས་བོན།། 

བླ་མེད་ཐེག་ཆེན་གཡུང་དྲུང་སྙིང་པོ་ཡི།།

སྤང་བསྒྱུར་གྲོལ་བའི་ལམ་ལ་འགོད་མཛད་པའི།། 

ཚུལ་ཁྲིམས་མཚན་ལྡན་མཆོག་ལ་གསོལ་བ་འདེབས།།
IMG_3421.JPG

སྤྱི་ཚེས་༡ཉིན་སྔ་ལྟར་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་ཁྱུང་ཚ་བསྟན་པ་གོང་འཕེལ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་བཙུན་ཉི་ཤུ་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོག་གཞུང་གསུངས་པ་དང་།
IMG_3421.JPGIMG_7932.JPGIMG_3421.JPGIMG_3421.JPGIMG_3421.JPG

དེ་ནས་སྤྱི་ཚེས་༢ཉིན་མཁན་ཆེནཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། ཁྱུང་ཚ་བསྟན་པ་གོང་འཕེལ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། བླ་མ་ཤེས་རབ་གོང་འཕེལ། སྒྲུབ་དགེན་དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་གཙོས་པའི་མཁན་སློབ་བླ་གྲྭ་བཞི་བཅུ་ལྷག་གིས་སྨོན་ལམ་ཤིང་རིང་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཁང་དུ་གདན་དྲངས་ཏེ་༧མཁན་སློབ་བླ་སྤྲུལ་རྣམ་པས་སྨོན་ལམ་ཤིང་རིང་གསུངས་པ་དང་།
IMG_6396.JPGIMG_6396.JPGIMG_6396.JPGIMG_6396.JPGIMG_6396.JPGIMG_6396.JPGIMG_6396.JPGIMG_7186.JPGIMG_7213.JPG
དེ་ནས་བླ་གྲྭ་འདུས་པ་ཡོངས་ནས་སྨོན་ལམ་གསུངས། དེ་ནས་སླར་ཡང་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་དུ་ཕེབས་ཏེ་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོག་གཞུང་མཐར་བསྡུའི་འཕྲིན་ལས་གསུངས་ཏེ་ཉིན་གུང་འདུས་པ་ཡོངས་འཚོགས་གྲོལ་གནང་།

IMG_6569.JPGIMG_6569.JPG
དེ་ནས་ཉིན་གུང་ཆུ་ཚོད་དང་པོའི་ཡས་མས་སུ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་དང་སྐྱིད་འཛོམས་དགོན་པའི་དབུ་བླ་ཤེས་རབ་གོང་འཕེལ་མཆོག དེ་བཞིན་དགའ་མལ་དགོན་ཆེན་གྱི་ཀྲུའུ་གཞོན་ཚེ་རིང་ནོར་བུ། བསོད་ནམས་ཟླ་བ། ཆོས་སྐལ་བཟང་སོགས་ཀྱིས་སྐུ་གདུང་རིན་པོ་ཆེ་ཞུགས་ཁང་ནང་ནས་སྐུ་གཟུགས་ཞུགས་ཕུལ་རྗེས་ཀྱི་གདུང་རུས་དང་གདུང་ཐལ་སོགས་ཕྱོགས་བསྡུས་ཞུས་ཏེ་མདོ་སྔགས་བཤད་སྒྲུབ་གླིང་དུ་གདན་དྲངས། དེ་ནས་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། བླ་མ་ཤེས་རབ་གོང་འཕེལ། སྐུ་ཚ་ཆོས་སྐལ་བཟང་སོགས་ཀྱིས་གདུང་རུས་དང་གདུང་ཐལ་རིན་པོ་ཆེ་སོགས་སོ་སོར་ཕྱེས་ཏེ་ཕྱོགས་བསྡུས་ཞུས་པ་དང་།
IMG_6569.JPG
རིང་བསྲེལ་རིན་པོ་ཆེ།
IMG_6569.JPGIMG_6569.JPGIMG_6569.JPG
གདུང་རུས་རིན་པོ་ཆེ།
IMG_6569.JPGIMG_6569.JPG
གདུང་ཐལ་དང་གདུང་ཚྭ་རིན་པོ་ཆེ།

དེ་ནས་ཁོང་རིན་པོ་ཆེ་ཕྱི་ནང་གསང་བའི་སྤང་རྟོགས་ཀྱི་ཡོན་ཏན་དང་གསང་བ་གསུམ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕུན་སུམ་འཚོགས་ཤིང་སྲིད་གསུམ་གྱི་མཛད་འཕྲིན་མཐའ་རུ་ཕྱིན་པའི་བདེན་རྟགས་རིང་བསྲེལ་ཆེ་བ་གསུམ་འབྱོན་ཞིང་། མཐའ་ཡས་འགྲོ་བའི་དོན་མཐའ་རུ་ཕྱིན་པའི་དན་རྟགས་སུ་རིང་བསྲེལ་ཉེར་དྲུག་འབྱོན་པ། གཞན་ཁོང་རིན་པོ་ཆེ་ལས་བཞི་ལྷུན་གྱིས་གྲུབ་པ་སོགས་ཀྱི་དན་རྟགས་སུ་གདུང་རུས་དཀར་པོ་དང་དམར་པོ། སྔོན་པོའམ་མཐིང་ཁ། སེར་པོ་བཅས་རིགས་བཞིར་སྣང་བ་སོགས་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་གཞུང་སྡེ་སྣོད་གསུམ་གྱི་འཆད་ཉན། བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ། བཤད་སྒྲུབ་སྒོམ་གྱི་བསྟན་པ་དར་སྤེལ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་མི་ལོ་བཅུ་ཕྲག་དུ་མར་སྐྱེལ་བའི་བདེན་རྟགས་རང་ཅག་སྐལ་ལྡན་གདུལ་བྱ་རྣམས་ལ་རྟེན་སྐལ་དུ་བཞག་པ་སོགས་སོ་སྐྱེས་ཕལ་བ་རྣམས་ཀྱིས་བརྗོད་འདས་ཀྱི་བདེན་རྟགས་མཐའ་ཡས་ཀྱང་གནས་སྐབས་མཚམས་སྦྱོར་འདི་ཙམ་གྱིས་འཐུས་པར་བྱས་སོ། །