སྐུ་གདུང་རིན་པོ་ཆེ་ཞུགས་འབུལ།

༄༅། །བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཁྲི་རབས་གཉིས་པ་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་བ།

IMG_5805.jpg
ཨེ་མ་ཧོ།
ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ལུང་རྟོགས་བོན།། 

བླ་མེད་ཐེག་ཆེན་གཡུང་དྲུང་སྙིང་པོ་ཡི།།

སྤང་བསྒྱུར་གྲོལ་བའི་ལམ་ལ་འགོད་མཛད་པའི།། 

ཚུལ་ཁྲིམས་མཚན་ལྡན་མཆོག་ལ་གསོལ་བ་འདེབས།།

IMG_1306.JPGIMG_9157.JPG
དེ་ཡང་འཆར་ཅན་ལྟར་སྤྱི་ཚེས་༣༡ཉིན་གྱི་ཞོགས་པ་ཆུ་ཚོད་དྲུག་པའི་སྟེང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་སོགས་སྒྲུབ་ཐོན་པ་རྣམས་ཀྱིས་རྣམ་དག་འདུལ་བའི་གསོ་སྦྱོང་གནང་སྟེ་སྐུ་གདུང་རིན་པོ་ཆེའི་མདུན་ནས་ཕྱག་བཤགས་སོགས་ཀྱི་ཆོ་ག་གསུངས།
IMG_9650.JPGIMG_9650.JPGIMG_9650.JPGIMG_6408.JPGIMG_3741.JPG
དེ་ནས་ཆུ་ཚོད་བདུན་པའི་སྟེང་ནས་དགོན་མ་ལག་ཁག་གི་བླ་གྲྭ་རྣམས་
དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ནས་གཡུང་དྲུང་ཀློང་རྒྱས་ཀྱི་ཆོག་གཞུང་བསྲངས།
IMG_8723.JPGIMG_8723.JPG
གཞན་སྔ་ཉིན་ལྟར་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་ནས་ཁྱུང་ཚ་བསྟན་པ་གོང་འཕེལ་དང་གསས་གླིང་དགོན་པའི་བླ་མ་ཁམས་བརྒྱ་འབུམ་གཙོས་པའི་བླ་གྲྭ་ཉི་ཤུ་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོག་གཞུང་མདོ་སྔགས་གཉིས་སུ་ཕྱེས་ཏེ་གསུངས།
IMG_8311.JPGIMG_7057.JPG
སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་དང་སྒྲུབ་དགེན་དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་སོགས་དངོས་སློབ་ཁག་གཅིག་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཁང་གི་ཉེ་འདབས་ནས་གདུང་སྲེག་ཆེ་ཆུང་གི་ཆོག་གཞུང་གསུངས།
IMG_6391.JPGIMG_4138.JPGIMG_8760.JPG
རིན་སྤུངས་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་སོགས་ནས་མདོ་སྔགས་བཤད་སྒྲུབ་གླིང་གི་འཚོགས་ཁང་ནས་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཕུལ།
IMG_9152.JPGIMG_1937.JPG
དེ་ནས་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་༧མཁན་སློབ་རྣམ་གཉིས་དང་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱིད་འཛོམས་དགོན་པའི་དབུ་བླ་ཤེས་རབ་གོང་འཕེལ་སོགས་ཀྱིས་མདོ་སྔགས་བཤད་སྒྲུབ་གླིང་གི་འདུ་ཁང་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་པ་རྣམ་དག་འགྱུར་མེད་སོགས་གསུངས་ཏེ་གདུང་མཆོད་ཕུལ།
IMG_9726.JPGIMG_3706.JPGIMG_1292.JPGIMG_1762.JPG

དེ་ནས་ཆུ་ཚོད་དགུ་བའི་སྟེང་མཁན་སློབ་བླ་སྤྲུལ་གྲྭ་མང་འདུས་པ་རྒྱ་མཚོ་ཡོངས་དང་དད་ལྡན་མང་ཚོགས་ནས་སྐུ་གདུང་རིན་པོ་ཆེ་མདོ་སྔགས་བཤད་སྒྲུབ་གླིང་ནས་གདན་དྲངས་ཏེ་རྒྱ་གླིང་བ་དན་རྒྱལ་མཚན་སྤོས་འདྲེན་སོགས་ཀྱིས་སྣ་དྲངས་ཏེ་སྐུ་གདུང་རིན་པོ་ཆེ་དགའ་མལ་དགོན་ཆེན་གྱི་གླིང་སྐོར་ནས་ཕེབས་ཏེ་སྐུ་གདུང་ཞུགས་ཁང་དུ་གདན་དྲངས།
IMG_2394.JPG
དེ་ནས་མཁན་སློབ་བླ་སྤྲུལ་འདུས་པ་ཡོངས་ནས་གདུང་སྲེག་ཆེ་ཆུང་གསུངས་ཤིང་། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་སྐུ་གསུམ་མེ་ལྷའི་ཨ་ཏི་ཨ་ཡེ་སོགས་གསུངས།
IMG_9681.JPGIMG_2935.JPGIMG_2935.JPGIMG_2935.JPGIMG_2935.JPGIMG_2935.JPG
དེ་ནས་གྲྭ་མང་ནས་གདུང་སྲེག་མེ་སྤར་ཆོག་གཞུང་གསུངས་པ་དང་༧མཁན་སློབ་བླ་སྤྲུལ་རྣམ་པ་ལྔ་ནས་གདུང་ཁང་མེ་སྤར་ཞུས།
IMG_3566.JPGIMG_3566.JPGIMG_3566.JPG
དད་ལྡན་སེར་སྐྱ་མང་ཚོགས་རྣམས་ནས་གདུང་ཁང་རིན་པོ་ཆེ་ལ་ཕྱག་
དང་བསྐོར་བ་སོགས་གནང་།
IMG_6390.JPG
དེ་ནས་ཉིན་གུང་ཆུ་ཚོད་གཉིས་པ་ཡས་མས་སུ་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་ཟིན་པ་ལ་
༧མཁན་ཆེན་རིན་པོ་ཆེ་དང་སྐྱིད་འཛོམས་བླ་མ་རྣམ་གཉིས་ནས་གདུང་ཁང་གི་སྒོ་མོ་བསྡམས་པ་སོགས་ཀྱི་གནས་བསྡུས་ཙམ།