སྤྱི་ཚེས་༣༠ཉིན་གྱི་གདུང་མཆོད་གནས་བསྡུས།

 

IMG_5590.JPG
དེ་ཡང་སྤྱི་ཚེས་༣༠ཉིན་སྔ་ལྟར་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་མཆོག་དང་རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྒྲུབ་དགེན་དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་གཙོས་པའི་སྒྲུབ་སློབ་ཁོང་རིན་པོ་ཆེའི་དངོས་སློབ་སོགས་ནས་མདོ་སྔགས་བཤད་སྒྲུབ་གླིང་ནས་ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མའི་ཉིན་ཚོགས་ཕུལ་ཅིང་།
IMG_4185.JPG
དེ་བཞིན་
སྣང་ཞིག་ལྕགས་མདུད་དགོན་པའི་གྲྭ་མེ་རི་སྐྱབས་སོགས་ནས་ཉིན་ལྟར་གདུང་མཇལ་བ་རྣམས་ལ་ཁྲུས་གསོལ་སོགས་ཀྱི་ཕྱག་ལས་གནང་།
IMG_0056.JPGIMG_0056.JPGIMG_0056.JPG

དེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔ་གདུང་སྲེག་ཆེ་ཆུང་གི་ཆོ་གའི་གཞུང་བསྲང་བ་སྟེ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་ཞང་ངུ་གསས་གླིང་དགོན་བླ་མ་ཁམས་བརྒྱ་འབུམ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་བ་བཅུ་ཕྲག་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་མདོ་གཞུང་དབུ་ཚུགས་གནང་། དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་༧ཁྱུང་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་བ་བཅུ་ཕྲག་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྔགས་གཞུང་དབུ་ཚུགས་གནང་།
IMG_2282.JPG
གཞན་སྐྱིད་འཛོམས་དགོན་པའི་དབུ་བླ་ཤེས་རབ་གོང་འཕེལ་གཙོས་པའི་དགའ་མལ་དགོན་ཆེན་གྱི་མང་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་པ་ཡོངས་ནས་གདུང་ཁང་དང་མེ་ཐབ་སོགས་ཀྱི་གྲལ་སྒྲིག་དང་།
IMG_9791.JPGIMG_9791.JPGIMG_9791.JPG

དགོང་མོ་ཆུ་ཚོད་༧པའི་སྟེང་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་དང་སྐྱིད་འཛོམས་དབུ་བླ་ཤེས་རབ་གོང་འཕེལ་གཙོས་པའི་ཁོང་གི་དངོས་སློབ་རྣམ་པ་དང་དེ་བཞིན་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་རྨང་གཞིའི་སློབ་མ་རྣམས་ཀྱིས་སྒྲུབ་སློབ་རིན་པོ་ཆེའི་སྐུ་གདུང་བཞུགས་གནས་མདོ་སྔགས་བཤད་སྒྲུབ་གླིང་ལ་སྐོར་བ་ཕེབས་ཏེ་ཁོང་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར།

IMG_9791.JPGIMG_9791.JPG
གཞན་འཆར་ཅན་ལྟར་སྤྱི་ཚེས་༢༨ཉིན་ཕྱོགས་ཀྱི་དགོན་པའི་ལྷ་སྡེ་མང་ཚོགས་རྣམས་ནས་གདུང་མཇལ་ཞུས་པ་དང་།
IMG_3022.JPGIMG_3022.JPG
དགོན་ཆེན་གྱི་མར་མེ་རྒྱལ་མཚན་ལྷ་ཁང་དུ་ཁོང་རིན་པོ་ཆེ་དགོངས་པ་གཤེགས་ཉིན་ནས་བཟུང་ཉིན་མཚན་དབྱེར་མེད་དུ་མར་མེ་མཆོད་པ་འབུལ་དང་འབུལ་བཞིན་པ་སོགས་ཀྱི་གནས་བསྡུས་ཙམ།