སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་སྟ་གོན།

IMG_8209.JPGIMG_0157.JPG
དེ་ཡང་ཚང་མར་གསལ་བསྒྲགས་པ་ཞུས་པ་ལྟར། རང་ཅག་བསྟན་པ་སྤྱི་དང་ཁྱད་པར་དུ་ཟིང་ཆུའི་ཡུལ་ལུང་ལ་བཀའ་དྲིན་བླ་ལྷག་ཆེ་བའི་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེ་མཆོག་སྤྱི་ཟླ་འདིའི་ཚེས་༡༩ཉིན་ཁོང་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པ་དང་འདི་གའི་དགོན་ཆེན་དང་ཁོང་རིན་པོ་ཆེའི་གཞིས་དགོན་གཙོས་པའི་བླ་གྲྭ་དད་ལྡན་སེར་སྐྱ་མང་ཚོགས་ནས་གདུང་འབུལ་དང་གདུང་མཇལ་ཞུས་ཏེ་སྒྲུབ་སློབ་ཁོང་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་པ་སོགས་རང་གཞན་ཀུན་ལ་རྣམ་དཀར་དགེ་བའི་ཚོགས་ཆེན་བསགས།
IMG_7924.JPGIMG_2610.JPGIMG_2610.JPG

དེ་ནས་འཆར་ཅན་ལྟར་སང་ཉིན་སྟེ་སྤྱི་ཚེས་༣༡ཉིན་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཉིན་མོ་ཡིན་སྟབས། སྤྱི་ཚེས་༢༨་དང་༢༩ཉིན་གཉིས་ལ་གྲྭ་བ་ཉི་ཤུ་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔ་གདུང་སྲེག་ཆེ་ཆུང་གི་གཏོར་མ་བཅའ་བཟོ་ལག་ལེན་མཆོད་བཤམས་བཅས་གྲུབ་པར་མཛད།
IMG_6260.JPG
དེ་ནས་དེ་རིང་སྟེ་སྤྱི་༣༠ཉིན་༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་ཞང་ངུ་གསས་གླིང་དགོན་བླ་མ་ཁམས་བརྒྱ་འབུམ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་བ་བཅུ་ཕྲག་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་མདོ་གཞུང་དབུ་ཚུགས་གནང་།
IMG_5551.JPG
དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་༧ཁྱུང་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་བ་བཅུ་ཕྲག་ལྷག་གིས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྔགས་གཞུང་དབུ་ཚུགས་གནང་སྟེ་མདོ་སྔགས་གཉིས་སུ་ཕྱེས་ཏེ་ཀུན་རིག་ལས་བཞི་རྒྱུན་ལྔའི་ཆོག་གཞུང་གསུངས།
IMG_6923.JPGIMG_1384.JPG
གཞན་སྐྱིད་འཛོམས་དགོན་པའི་དབུ་བླ་ཤེས་རབ་གོང་འཕེལ་གཙོས་པའི་དགའ་མལ་དགོན་ཆེན་གྱི་མང་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་པ་ཡོངས་ནས་གདུང་ཁང་དང་མེ་ཐབ་སོགས་ཀྱི་གྲལ་སྒྲིག་དང་།

IMG_6156.JPGIMG_6156.JPG
ཚེས་༣༡ཉིན་དགོན་ཁག་ཡོངས་ཀྱི་བླ་གྲྭ་རྣམས་འཚོགས་ཡའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཏོར་མ་བཅའ་བཟོ་སོགས་གནང་བའི་གནས་བསྡུས་ཙམ།