སྤྱི་ཚེས་༢༩ཉིན་གྱི་གདུང་མཆོད་གནས་བསྡུས།

 

IMG_5805.jpgIMG_6090.JPG

དེ་ཡང་སྤྱི་ཚེས་༢༩ཉིན་སྔ་ལྟར་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་མཆོག་དང་རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། ཞང་ངུ་གསས་གླིང་དགོན་པའི་བླ་མ་ཁམས་བརྒྱ་འབུམ། སྒྲུབ་དགེན་དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་གཙོས་པའི་སྒྲུབ་སློབ་ཁོང་རིན་པོ་ཆེའི་དངོས་སློབ་སོགས་ནས་མདོ་སྔགས་བཤད་སྒྲུབ་གླིང་ནས་ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མའི་ཉིན་ཚོགས་ཕུལ་ཅིང་།
IMG_3464.JPGIMG_3464.JPG
དེ་བཞིན་སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླ་ཤེས་རབ་གོང་འཕེལ་དང་རིན་སྤུངས་དགོན་པའི་གྲྭ་སྟག་ལ་འགྲུབ་སོགས་ནས་ཉིན་ལྟར་གདུང་མཇལ་བ་རྣམས་ལ་ཁྲུས་གསོལ་སོགས་ཀྱི་ཕྱག་ལས་གནང་།
IMG_8773.JPGIMG_8773.JPGIMG_8773.JPG

དེ་ནས་ནང་གི་དགོན་ཁག་ལྔ་ཡི་གྲྭ་བ་ལྔ་ལྔ་ཉེར་ལྔ་ཡིས་ཚེས་༢༨ཉིན་ལྟར་ཀུན་རིག་ལས་བཞི་རྒྱུན་ལྔ། གདུང་སྲེག་ཆེ་ཆུང་གི་གཏོར་མ་བཅའ་བཟོ་གནང་བ་སྟེ། དེ་རིང་གཙོ་བོ་གཏོར་མ་མཆོད་བཤམ་རིམ་པ་གནང་བ་དང་ཕྱི་ནང་གསང་བའི་མཆོད་རྫས་རྣམས་གཞུང་ལྟར་ལེགས་བསྒྲིགས་ཀྱི་ལས་ཀ་གནང་།
IMG_8773.JPGIMG_8773.JPG
གཞན་འཆར་ཅན་ལྟར་སྤྱི་ཚེས་༢༨ཉིན་དགའ་མལ་དགོན་པའི་ལྷ་སྡེ་མང་ཚོགས་རྣམས་ནས་གདུང་མཇལ་ཞུས་པ་དང་།
IMG_8773.JPGIMG_8773.JPGIMG_8773.JPG

དགོན་ཆེན་གྱི་མར་མེ་རྒྱལ་མཚན་ལྷ་ཁང་དུ་ཁོང་རིན་པོ་ཆེ་དགོངས་པ་གཤེགས་ཉིན་ནས་བཟུང་ཉིན་མཚན་དབྱེར་མེད་དུ་མར་མེ་མཆོད་པ་འབུལ་དང་འབུལ་བཞིན་པ་སོགས་ཀྱི་གནས་བསྡུས་ཙམ།