སྤྱི་ཚེས་༢༧ཉིན་གྱི་གདུང་མཆོད་གནས་བསྡུས།

IMG_5938.JPGIMG_5938.JPG
དེ་ཡང་སྤྱི་ཚེས་༢༧ཉིན་སྔ་ལྟར་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རྒྱལ་མཚན་མཆོག་དང་རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྒྲུབ་དགེན་དམུ་རའི་དགེ་བཤེས་བསྟན་འཛིན་ཡེ་ཤེས་གཙོས་པའི་སྒྲུབ་སློབ་ཁོང་རིན་པོ་ཆེའི་དངོས་སློབ་སོགས་ནས་མདོ་སྔགས་བཤད་སྒྲུབ་གླིང་ནས་ཁོང་རིན་པོ་ཆེའི་ཡི་དམ་མཁའ་འགྲོ་གསང་གཅོད་ཀྱི་ཉིན་ཚོགས་ཕུལ་ཅིང་།IMG_7095.JPGIMG_6024.JPG
དེ་བཞིན་སྐྱིད་འཛོམས་གཡུང་དྲུང་གླིང་གི་དབུ་བླ་ཤེས་རབ་གོང་འཕེལ་དང་རིན་སྤུངས་དགོན་པའི་གྲྭ་སྟག་ལ་འགྲུབ་སོགས་ནས་ཉིན་ལྟར་གདུང་མཇལ་བ་རྣམས་ལ་ཁྲུས་གསོལ་སོགས་ཀྱི་ཕྱག་ལས་སྐྱོང་།
IMG_6019.JPGIMG_6019.JPG
གཞན་འཆར་ཅན་ལྟར་སྤྱི་ཚེས་༢༧ཉིན་རིན་སྤུངས་དགོན་པའི་ལྷ་སྡེ་མང་ཚོགས་རྣམས་ནས་གདུང་མཇལ་ཞུས་པ་དང་།IMG_8311.JPGIMG_8311.JPGIMG_8311.JPG
དགོན་ཆེན་གྱི་མར་མེ་རྒྱལ་མཚན་ལྷ་ཁང་དུ་ཁོང་རིན་པོ་ཆེ་དགོངས་པ་གཤེགས་ཉིན་ནས་བཟུང་ཉིན་མཚན་དབྱེར་མེད་དུ་མར་མེ་མཆོད་པ་འབུལ་དང་འབུལ་བཞིན་པ་སོགས་ཀྱི་གནས་བསྡུས་ཙམ།