མཆོད་རྟེན་བརྒྱ་ཉེར་བཞིའི་རབ་གནས་སོགས་ཀྱི་ཆོ་ག་སྤེལ་བ།

༄༅། །བྱང་བྱ་དུར་གྱི་ཕྱི་སྐོར་ཆ་བཅགས་མཆོད་རྟེན་རང་བྱོན་གྱི་འཁྲིས་སུ་གསར་བཞེངས་གནང་བའི་མཆོད་རྟེན་བརྒྱ་དང་ཉེར་བཞི་ལེགས་གྲུབ་ཀྱི་རབ་གནས་སོགས་ཀྱི་ཆོ་ག་སྤེལ་བ།

微信图片_20171005142651.jpg
微信图片_20171005142656.jpg
微信图片_20171005142904.jpg

   དེ་ཡང་མདོ་སྨད་གནས་ཆེན་གསུམ་མམ་བཞི་ཡི་ཡ་གྱལ། མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་གསེས་བྱང་བྱ་དུར་དང་མཁའ་འགྲོ་འུག་གདོང་གི་ཕྱི་སྐོར་གྱི་སྐོར་ལམ་དུ་ཡོད་པའི་ཆ་བཅགས་ཀྱི་མཆོད་རྟེན་རང་བྱོན་གྱི་འཁྲིས་སུ་དགའ་མལ་དགོན་པའི་རྒྱ་སྒོའི་རྟོགས་ལྡན་རྒྱལ་འཕགས་སམ་ཚུལ་ཁྲིམས་བཟོད་པ་མཐར་ཕྱིན་ལགས་ཀྱིས་མི་ལོ་བཅུ་ཕྲག་ལྷག་རིང་དུ་དཀའ་བ་ཁྱད་དུ་བསད་དེ་གསར་བཞེངས་གནང་བའི་གཡུང་དྲུང་བོན་གྱི་མཆོད་རྟེན་བརྒྱ་དང་ཉེར་བཞི་བཞེངས་གྲུབ་ཀྱི་རབ་གནས་དང་མ་ཏྲི་དུང་ཕྱུར་གྱི་རྡོ་རྐོས་དབུ་ཚུགས་ཀྱི་མཛད་སྒོ། དེ་བཞིན་ཁོང་གིས་གསར་བཞེངས་གནང་བའི་མཆོད་རྟེན་རྣམས་དང་མ་འོངས་པར་བཞེངས་འཆར་གྱི་མ་ཏྲི་དུང་ཕྱུར་རྡོ་འབུམ་སོགས་ཟིང་ཆུའི་དགོན་མ་ལག་བཅོ་བརྒྱད་སྤྱི་ལའམ་དགའ་མལ་དགོན་ཆེན་ཚང་ལ་འབུལ་བ་དང་འབྲེལ།

微信图片_20171005142733.jpg
微信图片_20171005142726.jpg
微信图片_20171005142739.jpg
སྐུ་དངོས་སུ་ཕེབས་པའི་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་པ་གཙོས་པའི་སྐྱེས་ཆེན་རྣམས་ནས་རབ་གནས་གསུངས་བཞིན་པ།
༥༤.jpg
མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་སྤར་གནང་བཞིན་པ།
༢༣༥༢.jpg
༦༦.jpg
༣༥༣.jpg
མཁན་སློབ་བླ་སྤྲུལ་གྲྭ་མང་རྣམས་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་སྤར་གསུངས་བཞིན་པ།

   སྤྱིར་༧འཛམ་གླིང་བོན་གྱི་གཙུག་རྒྱན། ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་དགེ་རྟེན་སོགས་ལ་དམིགས་ཏེ་རྟོགས་ལྡན་ཚུལ་ཁྲིམས་བཟོད་པ་མཐར་ཕྱིན་མཆོག་གིས་གཙོ་འགན་བཞེས་ཏེ། ཆ་བཅགས་ཀྱི་གནས་སུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་གི་ཆོ་ག་འཕྲིན་ལས་སྤེལ་ཏེ།

QQ图片20171005184028.jpg
微信图片_20171005142819.jpg
微信图片_20171005142809.jpg
微信图片_20171005142814.jpg
微信图片_20171005142757.jpg
QQ图片20171005184038.jpg

   དེ་རིང་སྟེ་སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠བའི་ཚེས་༥ཉིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་པ་གཙོས་པའི་དགོན་མ་ལག་བཅུ་དགུའི་དགོན་བདག་མཁན་སློབ་བླ་སྤྲུལ་རྣམས་གདན་དྲངས་ཏེ་གོང་གསལ་གྱི་གནས་ཚུལ་དང་འབྲེལ་རབ་གནས་སོགས་ཀྱི་མཛད་སྒོ་སྤེལ།

微信图片_20171005145453.jpg
ཆ་བཅགས་སུ་ཡོད་པའི་མཆོད་རྟེན་རང་བྱོན།
微信图片_20171005142713.jpg
༢༢༢.jpg
微信图片_20171005142752.jpg
རྒྱ་སྒོའི་རྟོགས་ལྡན་ཚུལ་ཁྲིམས་བཟོད་པ་མཐར་ཕྱིན་ལགས་ནས་མཆོད་རྟེན་བརྒྱ་དང་ཉེར་བཞིསོགས་དགའ་མལ་དགོན་ཆེན་ལ་ཕུལ་བའི་མཚོན་དོན་དུ་རག་གསེར་གྱི་མཆོད་རྟེན་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ལ་ཕུལ་ཏེ་དགོན་ཆེན་ཕུགས་མཇལ་དུ་རྟེན་བཞག་གནང་།
微信图片_20171005142744.jpg
སྐྱེས་ཆེན་རྣམས་ནས་མཆོད་རྟེན་རང་བྱོན་གཟིགས་བཞིན་པ།
微信图片_20171005142706.jpg
རབ་གནས་དང་མེ་སྤར་ལ་སྐུ་དངོས་ཕེབས་པའི་སྐྱེས་ཆེན་རྣམས།

   ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་དང་རབ་གནས་སོགས་ལ་གདན་འདྲེན་ཞུས་པའི་མཚན་ཐོ་ནི།  ༧ སྐྱང་སྤྲུལ་དྲི་མེད་འོད་ཟེར། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ། དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། སྒྲུབ་སློབ་ཟུར་བ་ཤེས་རབ་ཚུལ་ཁྲིམས། ཁྱུང་ཚ་བསྟན་པ་གོང་འཕེལ། བྲག་རྒན་བླ་མ་བསྟན་འཛིན་ཚུལ་རྒྱལ། སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྣང་ཞིག་ལྕགས་མདུད་ཟླ་བ་རྒྱལ་མཚན། རིན་སྤུངས་བླ་མ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན། སྐྱང་ཚང་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར། སྐྱང་བླ་དབྲ་སྲས་འགྱུར་མེད་བསམ་འགྲུབ། བོན་མཁར་སྐལ་བཟང་རིན་ཆེན།  ཆུ་འབྲུག་བླ་མ་ཡོག གཟི་སྤྲུལ་དབང་རྒྱལ་ཚེ་རིང་། ཆུ་འབྲུག་ཚེ་དབང་གཡུང་དྲུང་། བླ་མ་ཁམས་བརྒྱ་འབུམ། བླ་མ་ཤེས་རབ་རྣམ་དག གཉན་སྤྲུལ་ཚུལ་ཁྲིམས་དབང་རྒྱལ། བླ་མ་བཟོད་པ་རྒྱལ་མཚན། སྤྲུལ་སྐུ་བསྟན་འཛིན་གྲགས་པ། མདའ་ཆེན་སྤྲུལ་སྐུ་ཤེས་རབ་བློ་གསལ། བླ་མ་འབྲས་བུ་བོན་འཛིན། ས་འབྲུག་བླ་མ་མཁན་པོ་ཚེ་རིང་། སྐྱིད་འཛོམས་བླ་མ་ཤེས་རབ་གོང་འཕེལ། བླ་མ་རྡོ་རྗེ། རི་སྐེད་བླ་མ་རིན་ཆེན་སོགས་གདན་འདྲེན་ཞུས་པ་དང་། བླ་སྤྲུལ་ཁ་ཤས་བསྟན་དོན་གཞན་རྐྱེན་གྱིས་རབ་གནས་ལ་དངོས་སུ་ཕེབས་མ་ཐུབ་པ་སོགས་ཀྱི་གནས་བསྡུས།

微信图片_20171005142833.jpg
微信图片_20171005142829.jpg
微信图片_20171005142824.jpg
ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་ཕྲེང་།
༡༡༡.jpg
མཆོད་རྟེན་བརྒྱ་ཉེར་བཞི་སོགས་ཀྱི་གསར་བཞེངས་འགན་ཁུར་བ་རྒྱ་སྒོའི་རྟོགས་ལྡན་རྒྱལ་འཕགས་སམ་ཚུལ་ཁྲིམས་བཟོད་པ་མཐར་ཕྱིན།