དགའ་མལ་དགོན་ཆེན་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཞི་ཁྲོ་འཚོགས་བཞིན་པ།

 1506951111845617.jpg

1506951112565437.jpg
1506951111104610.jpg

   ༢༠༡༧་༡༠་༡ཉིན་ནས་དབུས་བཟུང་སྟེ་རང་ཅག་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་སྐུ་ཞི་བར་གཤེགས་པའི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་དུ།  

1506951111457040.jpg
1506951111119791.jpg
1506951111414051.jpg

   སྤྱིར་རྒྱལ་བ་གཤེན་སྲས་རིན་པོ་ཆེས་བཀའ་ཕེབས་དོན་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་འོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་འཁྲུངས་གཞིས་ཀྱི་སྤྱི་དགོན་ནམ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རྣམ་གཉིས་དབུས་བཞུགས་འོག་ཟིང་ཆུའི་དགོན་ལག་ཁག་གི་བླ་སྤྲུལ་ཁག་དང་ཟིང་ཆུའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དགེ་སློབ་ཡོངས། 

   དེ་བཞིན་དགོན་ལག་ཁག་གི་གྲྭ་མང་འདུས་པ་ཡོངས་ཀྱིས་༧སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཞི་ཁྲོའི་ཚོགས་འབུལ་ཞིབ་རྒྱས་སུ་འབུལ་དང་འབུལ་བཞིན་པ་ལགས།