རྫོང་བོད་ཡིག་སློབ་འབྲིང་གིས་ཉན་འབྲིའི་འགྲན་སྡུར་སྤེལ།

IMG_3054.JPGIMG_3064.JPGསྐྱེ་དགུས་ཚེ་སྲོག་ལ་ཉམས་ངོམ་ཞིང་ས་གཞིར་ལྗང་མདོག་གི་གོས་བཟང་གིས་བཀླུབས་པའི་དུས་ཚིགས་འདིར་ལོ་རེའི་ལྔ་བཞིའི་ན་གཞོན་དུས་ཆེན་ལ་སྔར་བཞིན་ཟིང་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་ང་རང་ཀྲུང་ཧྭ་ལ་དགའ། ང་རང་བོད་ཡིག་ལ་དགའ། སྐད་གསུམ་ལེགས་པོ་སྦྱོང་ཞེས་པའི་ཉན་འབྲི་འགྲན་སྡུར་དང5.4ལས་འགུལ་ལོ་འཁོར་བརྒྱ་ལོན་པའི་དྲན་གསོའི་མཛད་སྒོ་སྤེལ།IMG_3055.JPGIMG_3057.JPGIMG_3060.JPGབྱེད་སྒོའི་ཁྲོད་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་གུང་གཞོན་ཚོགས་མི་ཕུལ་བྱུང་ཅན་ལ་བྱ་དགའ་གནང་བ་དང་། ང་རང་བོད་ཡིག་ལ་དགའ། སྐད་གསུམ་ལེགས་པོ་སྦྱོང་ཞེས་པའི་ཉན་འབྲི་འགྲན་སྡུར་སྤེལ། འགྲན་སྡུར་ལ་སློབ་མ300ལྷག་དངོས་སུ་ཞུགས་ནས་བོད་སྐད་ཡིག་དང་རྒྱའི་སྐད་ཡིག དབྱིན་ཡིག་བཅས་སྐད་རིགས་སོ་སོའི་ཐ་སྙད40ཉན་འབྲི་བྱས། ཐེངས་འདིའི་སྐད་གསུམ་ཉན་འབྲི་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི་སློབ་མ་ཚོས་སྐད་ཡིག་གཙིགས་ཆེན་དུ་འཛིན་དགོས་པ་དང་། ནང་སྒོས་སུ་རང་མི་རིགས་ཀྱི་སྐད་ཡིག རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་ཡིག འཛམ་གླིང་སྤྱི་སྤྱོད་ཀྱི་སྐད་ཡིག་བཅས་ལ་སྦྱོང་བ་ཉམས་ལེན་བྱས་ནས་རང་མི་རིགས་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་ལ་འཛམ་གླིང་གི་གོམ་སྟབས་ཀྱི་རྗེས་བསྙེག་ཐུབ་པའི་མ་འོངས་པའི་བོད་པའི་མི་རབས་གསར་བར་འགྱུར་བར་འབད་དགོས་པ་དེ་ཡིན།IMG_3056.JPGIMG_3058.JPGIMG_3059.JPGIMG_3061.JPGཀ་ཁ་ག་ང་། ཕ་མའི་གཅེས་ནོར། སྐད་དང་ཡི་གེ མི་རིགས་ཀྱི་བླ་སྲོག ཟིང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཁྲོ་འབུམ་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ཁྲོད་དུ་བྱ་དགའ་ཐོབ་མཁན་ལ་རྟེན་འབྲེལ་ཞུས་པ་མ་ཟད།IMG_3062.JPGIMG_3063.JPGམ་འོངས་བའི་སློབ་སྦྱོང་དང་འཚོ་བར་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་གཏོང་བ་དང་ཉམས་པ་སླར་གསོ་བྱེད་དགོས་པ་མ་ཟད་དེང་རབས་ཀྱི་སྔོན་ཐོན་ཚན་རིག་ལག་རྩལ་སློབ་སྦྱོང་བྱེད་དགོས་ཟེར་ནས་བསླབ་བྱ་གནང་།IMG_3065.JPG

འཕྲིན་སྤེལ་བ་ཁྲོ་མེད་འཚོ། གསར་འགོད་པ་མགོན་པོ་ཚེ་བརྟན།