ཞང་བོད་སྒྱུ་རྩལ་སློབ་གྲྭའི་སློབ་བསྡུའི་བརྡ་སྦྱོར།

 ༡.png

    ཞང་བོད་སྒྱུ་རྩལ་སློབ་གྲྭ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟིང་ཆུ་རྫོང་མ་ཡོན་སྡེ་བར་ཆགས་ཡོད་ལ།  རི་མོ་བ་ཁྲི་བཙན་རབ་བརྟན་ལགས་ཀྱིས་གསར་དུ་བཙུགས་པ་ཡིན། སློབ་གྲྭ་འདི་ནི་གནའ་བོའི་ཞང་ཞུང་རིག་གནས་དང་བོད་བཙན་པོའི་རིག་གནས་གཉིས་སྒྱུ་རྩལ་གྱི་རྒྱབ་ལྗོངས་བྱས་ཏེ་མི་རིགས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ་བྱ་བར་དམིགས་ནས་བཙུགས་པ་ཞིག་ཡིན། སློབ་གྲྭ་འདིའི་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ། ཆེད་ལས་རང་བཞིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་མ་ཟད། ཕུལ་དུ་བྱུང་བའི་ཐང་གའི་སྒྱུ་རྩལ་གྱི་རྒྱུད་འཛིན་པ་གང་མང་གསོ་སྐྱོང་གནང་བར་འབད་པ་ལྷུར་ལེན་བྱེད་བཞིན་མཆིས། སྤྱི་ལོ༢༠༡༨ལོའི་ཟླ་༩པའི་ཚེས་༡༧ཉིན་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་གཉེར་ཆོག་མཆན་དངོས་སུ་བསྩལ་པ་དང་། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་སློབ་མ་བསྡུ་ལེན་བྱེད་རྒྱུ་ཡིན།

༣.png
སློབ་བསྡུའི་ཆ་རྐྱེན།

༡ ལོ་དགུའི་འགན་བབས་སློབ་གསོ་མྱངས་ཟིན་པའམ་ཡང་ན་དམའ་འབྲིང་སློབ་མའི་རིག་གནས་ཆུ་ཚད་ལྡན་དགོས་པ་མ་ཟད།བོད་ཀྱི་སྲོལ་རྒྱུན་མཛེས་རིས་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་ཡིན་དགོས།

༢ ལོ་དགུའི་འགན་བབས་སློབ་གསོ་མྱངས་མེད་ཀྱང་།བོད་ཀྱི་དགོན་སྡེ་ཁག་ནས་སློབ་གཉེར་དང་།ཡང་ན་ལོ་གསུམ་ཡན་གྱི་ཐང་ག་འབྲི་སྦྱོང་གི་ཉམས་མྱོང་ཡོད་མཁན་ཡིན་དགོས།

༣ གོང་གསལ་གྱི་ཆ་རྐྱེན་གང་རུང་ལྡན་ཚེ་ཕོ་མོ་དང་མི་རིགས་ཀྱི་ཚད་བཀག་མེད་པར་མིང་ཐོ་འགོད་ཆོག

༤ རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགལ་བའི་ཉེས་ཅན་དང་འགོས་ནད་ཅན་གྱིས་མིང་ཐོ་འགོད་མི་ཆོག

༥ རང་ལོ་༣༥ཡི་མན་ཡིན་དགོས།

སློབ་བསྡུའི་འཆར་གཞི།

ཐེངས་འདིར་སློབ་མ་༦༠བསྡུ་རྒྱུ་ཡིན།

སློབ་སྒྲུབ་རིམ་པ།

མཐོ་རིམ་སློབ་གསོ་དང་མཐོ་རིམ་ལས་རིགས་སློབ་གསོའི་སློབ་གཉེར་བརྒྱུད་རིམ་མིན་པ།

སློབ་སྒྲུབ་ངོ་བོ།

ཁེ་གཉེར་དང་དགེ་ལས། སྤྱི་ཕན་རང་བཞིན་མིན་པ།

སློབ་གྲྭའི་འཛུགས་སྐྲུན།

སློབ་གྲྭས་བཟུང་བའི་སའི་གཞི་ཁྱོན་ལ་རྨིད་གྲུ་བཞི་མ༡༠༠༠༠དང་། ད་སྔ་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༣༠༠༠། ཐོག་རྩེག་གསུམ་ཅན་གྱི་ཐོག་ཁང་གཅིག་ཡོད་ཅིང་། ཐོག་རྩེག་སོ་སོར་སྐུད་མེད་དྲ་རྒྱས་ཁྱབ་ཡོད། གཅིག་ཐོག་སློབ་མའི་མལ་ཤག་དང་འཚོ་བའི་བེད་སྤྱོད་ས་ཁུལ་ཡིན། ཉིས་ཐོག་གཅོ་བོ་སློབ་ཁྲིད་བྱེད་ས་ཡིན། སུམ་ཐོག་དཔེ་མཛོད་ཁང་དང་། སྨྱན་མང་གཟུགས་སློབ་ཁང་། དགེ་སློབ་བསམ་བློ་བརྗེ་རེས་བྱེད་སའི་ས་ཚིགས་བཅས་ཡིན། ཕྱི་རོལ་ཁོར་ཡུག་ལྗང་མདོག་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ༥༠༠དང་། བྱ་འགུལ་གནས་ཡུལ་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ༡༥༠༠ཟིན་ཡོད་པས་སློབ་མས་ཕྱི་རོལ་དངོས་བྲིས་མྱོང་རོལ་དང་ལུས་རྩལ་བྱ་འགུལ་སྣ་ཚོགས་སྤེལ་བར་ཆ་རྐྱེན་གང་ལེགས་བསྐྲུན་ཡོད།

དགེ་རྒན་གྱི་དཔུང་སྡེ།

ངེད་སློབ་གྲྭས་བོད་ཁུལ་ན་མིང་དུ་གྲགས་པའི་མཛེས་རྩལ་སློབ་དཔོན་ཆེན་མོ་རྒན་བསྟན་པ་རབ་བསྟན་དང་། དཀོན་མཆོག་བསྟན་འཛིན། བརྩོན་འགྲུས་རབ་རྒྱས་སོགས་སློབ་ཁྲིད་ཀྱི་བློ་འདོན་པར་གདན་ཞུས་གནང་ཡོད་པ་མ་ཟད། དུས་ངེས་མེད་དུ་བོད་ཁུལ་གྱི་མཛེས་རྩལ་སློབ་གླིང་ཁག་གི་དགེ་རྒན་ཉམས་མྱོང་ཅན་ཆེད་ཞུས་གནང་ཏེ་འཆད་ཁྲིད་གནང་རྒྱུ་ཡིན། གཞན་སློབ་གྲྭའི་བསླབ་ཚན་དགེ་རྒན་དག་ལ་ཆེད་ལས་སྐོར་གྱི་འོས་ཐོབ་དཔང་ཡིག་ཡོད་པ་མ་ཟད། ལོ་མང་བའི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་། རི་མོ་འབྲི་བཞེངས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། དེ་མིན་སློབ་གྲྭས་བདེ་སྲུང་མི་སྣ་བཀོད་སྒྲིག་བྱས་ཏེ་སློབ་མའི་འགྲོ་འདུག་ཉལ་གསུམ་སོགས་བདེ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་བྱེད་བཞིན་ཡོད།

༢.png
ཁྲིད་ཚན་སྒྲིག་འགོད།

གཅིག ཆེད་ལས་སློབ་ཁྲིད།

 ཐང་གའི་སྐྱ་རིས་འབྲི་སྦྱོང་།

༢  ཐང་ག་འབྲི་བཞེངས།

མཐར་ཕྱིན་བརྩམས་ཆོས་འབྲི་བཞེངས།སློབ་མས་བོད་ཀྱི་རི་མོའི་འབྲི་ལུགས་གང་རུང་གིས་ལམ་ནས་བྲིས་ཆོག

གཉིས།རིག་གནས་སློབ་ཁྲིད།

བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་གི་རྨང་གཞི་ཤེས་བྱ།

 བོད་ལྗོངས་མཛེས་རྩལ་ལོ་རྒྱུས་དང་ཀྲུང་ཕྱིའི་མཛེས་རྩལ་ལོ་རྒྱུས།

༣  མཐར་ཕྱིན་དཔྱད་རྩོམ་དང་རིག་གཞུང་ཞིབ་འཇུག

གུང་གསེང་བཀོད་སྒྲིག

ས་གནས་ཀྱི་དམིགས་བསལ་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས་ལོ་རེའི་ཟླ་༡༢ནས་བཟུང་ཟླ་ངོ་གསུམ་གྱི་རིང་དགུན་གནང་གཏོང་རྒྱུ། སློབ་སྐབས་རེའི་གཟའ་མཇུག་ལ་གནང་བ་ཉིན་གཅིག་ཡོད།

ཐང་ག་སྒྱུ་རྩལ་ནི་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན། སློབ་གཙོ་ཁྲི་བཙན་རབ་བརྟན་གྱི་བསམ་པར་ཐང་ག་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔ་རོལ་གྱི་སྔོན་བྱོན་ལྷ་རིས་མཁས་དབང་རིམ་བྱོན་ནས་བརྒྱུད་པ་ཡིན་ལ། ང་ཚོ་དེང་རབས་གཞོན་སྐྱེས་ལྷ་རིས་དོན་གཉེར་ཅན་རྣམས་ཀྱི་སྒྱུ་རྩལ་ལྟ་གྲུབ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་གྱི་འདུ་ཤེས་ཞན་པ། རྒྱུན་མཐུད་འཕེལ་རྒྱས་གྱི་གར་སྟེགས་མེད་པ་བཅས་ཡིན། ཞང་བོད་སྒྱུ་རྩལ་སློབ་གྲྭ་ནི་སྲོལ་ རྒྱུན་རིག་གནས་རྒྱུན་འཛིན་དང་།དར་སྤེལ་བྱ་བར་དམིགས་ནས་གསར་འཛུགས་བྱས་པ་ཡིན། མིག་སྔར་སློབ་གྲྭ་འདིར་སྦྱངས་འབྲས་ལེགས་ཐོན་གཟེངས་དངུལ་དང་ཕུལ་བྱུང་མཐར་ཕྱིན་སློབ་མ་རྒྱལ་ནང་གི་མཛེས་རྩལ་སློབ་གླིང་ཁག་ཏུ་སློབ་གཉེར་ལ་མངགས་པ། ཕྱིར་སློབ་གྲྭའི་དགེ་རྒན་ལ་གདན་ཞུ་བྱེད་པ། རྒྱལ་ནང་གི་རིག་གཞུང་བགྲོ་གླེང་སོགས་སུ་ཞུགས་རྒྱུའི་གོ་སྐལ་གང་ལེགས་བསྐྲུན་བཞིན་ཡོད་པ་མ་ཟད། སློབ་མའི་འདུག་གནས་དང་ཟ་འཐུང་། འཚོ་བའི་འགྲོ་གྲོན། སློབ་སྦྱོང་མཁོ་ཆས་སོགས་ཐག་གཅོད་བྱེད་བཞིན་ཡོད།

མིང་ཐོ་འགོད་སྐབས་ཤེས་དགོས་པ།

༢༠༡༩ལོའི་ཟླ་༥པའི་ཚེས་༡༠ཉིན་བར་ཐོ་འགོད་རེའུ་ཁ་སྐོང་ཚར་དགོས་པ་མ་ཟད། ཚུན་གཅིག་ཅན་གྱི་འདྲ་པརགློག་རྡུལ་གྱི་རྣམ་པ་ཅནདང་བཅས་གཤམ་གྱི་ཞང་བོད་སྒྱུ་རྩལ་སློབ་གྲྭའི་སྤྱི་སྤྱོད་ཡིག་ཟམ་སྟེང་བསྐུར་ཡོང་དགོས།   ཡིག་ཟམ xiongxiaart163.com

ལས་བྱེད་མི་སྣས་ཉིན་ཉི་ཤུའི་རིང་ངེས་པར་དུ་ཞིབ་བཤེར་བྱེད་ཚར་དགོས་པ་དང་།༢༠༡༩ལོའི་ཟླ་༥པའི་ཚེས་༢༠་ཉིན་བདམ་ལེན་བརྡ་ཐོ་གཅིག་གྱུར་གྱིས་སྦྲགས་ཁང་བརྒྱུད་ས་གནས་སོ་སོར་བསྐུར་རྒྱུ་ཡིན།

༢༠༡༩ལོའི་ཟླ་༦པའི་ནང་སློབ་འགོ་དངོས་སུ་ཚུགས་རྒྱུ་ཡིན། གལ་ཏེ་དོགས་གཞི་དང་གནད་དོན་འདྲ་ཡོད་ཚེ་ཁ་པར་དང་ཡིག་ཟམ་གྱི་ལམ་ནས་བློ་འདྲི་བྱས་ཆོག

མ་འོངས་བར་བོད་ཀྱི་མཛེས་རྩལ་སློབ་གླིང་ཆེ་ཆུང་ཁག་གི་དགེ་སློབ་དང་བོད་ཀྱི་མཛེས་རྩལ་དོན་གཉེར་ཅན་རྣམས་ལ་དམིགས་ནས་ངེད་སློབ་གྲྭས་ཡུན་ཐུང་གི་གསབ་སྦྱོང་འཛིན་གྲྭ་སྒྲུབ་འཆར་ཡོད་པས་རྣམ་པ་ལྷན་རྒྱས་ཡོངས་ཀྱིས་ཞང་བོད་རིག་གནས་སྒྱུར་རྩལ་འཕྲིན་སྟེགས་ལ་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ།

འབྲེལ་གཏུགས་མི་སྣ།  ཁྲི་བཙན་རབ་བརྟན།  

ཁ་པར་ཨང་གྲངས། 13659530588