ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དཔྱད་ཞིབ་ཚོགས་འདུ་ཐེངས་གསུམ་པ།

 IMG_0295.JPG

   དེ་ཡང་སྤྱི་ལོ་༢༠༡༩་༣་༢༨ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་༼ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས།༽དཔྱད་ཞིབ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཤིང་། འཚོགས་ཐོག་ཏུ་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཟུང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་དང་། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ། དེ་སྔོན་རྔ་བའི་གསར་འགྱུར་གྱི་རྩོམ་སྒྲིག་པ་ཚེ་དབང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤར་བ་ཐོགས་མེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཨ་སྔགས་ཚེ་རིང་བཀྲ་ཤིས། སི་ཁྲོན་མི་རིགས་ལས་དོན་ཁང་གི་ལུང་ཡར།.   རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཆུ་མདོ་པད་མ་བཀྲ་ཤིས།  བོད་ཀྱི་གཏོར་མའི་རིག་གནས་ཞིབ་འཇུག་ཆེད་མཁས་པ་ཚེ་བརྟན། རྒྱ་བོད་ཀྱི་ལོ་རྒྱུས་རིག་གཞུང་ཆེད་མཁས་པ་དང་ཐེངས་འདིའི་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ཀྱི་རྩོམ་སྒྲིག་པ་རྒན་དར་རྒྱས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན། ཐེངས་འདིའི་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ཀྱི་རྩོམ་སྒྲིག་པ་ཟླ་བ་མཚོ། དགེ་རྒན་གཉན་མོ་ཕྱུག ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལོ་ཨའ་ཡུད་སོགས་ཚོགས་ཞུགས་གནང་།

IMG_9282.JPG

   ཐོག་མར་ཐེངས་འདིའི་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ཀྱི་རྩོམ་སྒྲིག་པ་རྒན་དར་རྒྱས་ལགས་ཀྱིས་མདོ་འཛིན་གནང་སྟེ་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ་རྗེས་སུ་འཕྲི་སྣོན་སོགས་གང་ཞུས་དང་དམིགས་བསལ་གྱི་དགོས་ངེས་ཅན་དང་འབྲེལ་ཏེ་གསུང་བཤད།
IMG_9748.JPGདེ་ནས་རིམ་བཞིན་ཚོགས་ཞུགས་པ་ཡོངས་ནས་ཚོགས་འདུའི་ནང་དོན་དང་འབྲེལ་ཏེ་སོ་སོའི་བསམ་ཚུལ་གསུང་བཤད་གལ་ཆེན་གནང་།IMG_3257.JPGཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་ནི་ཟུང་ཆུ་རྫོང་ཨུའུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་མི་རིགས་ཆོས་དོན་ཅུའུ་སོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྤྱིར་སྐབས་བདུན་པའི་ཟུང་ཆུ་རྫོང་ནང་བསྟན་མཐུན་ཚོགས་དང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་མཆོག་གིས་ཐུགས་འགན་གཙོར་བཞེས་དང་། དེ་ནས་རྒྱ་བོད་ཀྱི་ལོ་རྒྱུས་རིག་གཞུང་སྨྲ་བའི་རྒན་དར་རྒྱས་དང་ན་གཞོན་ཤེས་ཡོན་པ་ཟླ་བ་མཚོ་རྣམ་གཉིས་ནས་རྩོམ་སྒྲིག་གི་འགན་བཞེས་ཏེ་བསྒྲིགས་པའི་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཞིག་ཡིན།IMG_4341.JPGམཐར་རྒན་དར་རྒྱས་མཆོག་དང་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རྣམ་གཉིས་ནས་མཇུག་བསྡོམས་ཀྱི་གསུང་བཤད་གལ་ཆེན་གནང་སྟེ་ཚོགས་འདུ་གྲོལ།