ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ།

 

IMG_8738.PNG
    དེ་ཡང་༢༠༡༩ལོའི་ཟླ་བ་༡ཚེས་༡༩ཉིན་སི་ཁྲོན་ཞིང་ཆེན་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་དུ་༼ ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ།༽འཚོགས། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།
རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་བསྟན་བདག་སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་གཙོ་འགན་བཀོད་སྒྲིག་འོག

IMG_0081.JPG

མཁས་དབང་དར་རྒྱས་དང་ཟླ་བ་མཚོ་རྣམ་གཉིས་ཀྱིས་རྩོམ་སྒྲིག་འགན་བཞེས་ཏེ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་སྤྱི་ལོ་༡༩༨༡ལོར་དབུ་བརྙེས་པ་ནས་བཟུང་དེང་གི་བར་དུ་ལོ་རྒྱུས་དང་དེ་བཞིན་ཟིང་ཆུ་རྫོང་ཁོངས་ཀྱི་བོན་བན་རིས་མེད་ཀྱི་དགོན་སྡེ་ཁག་དང་མཁས་དབང་སྐྱེས་ཆེན་རིམ་བྱོན། གནས་རི་སྒྲུབ་གནས་སོགས་ཀྱི་ལོ་རྒྱུས་ལ་སོགས་བྲིས་ཡོད་པ་དང་། ཁྱད་པར་དུ་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་བ་རླབས་ཆེན་གནང་བའི་སྐོར་བཅས་ངོ་སྤྲོད་ཞིབ་རྒྱས་སུ་གནང་བའི་དེབ་ཐེར་ཞིག་ཡིན།
IMG_6034.JPGIMG_6034.JPG
༢༠༡༨ལོའི་ཟླ་བ་༤བའི་ཚེས་༢༣ཉིན་དཔྱད་ཞིབ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། དེ་ནས་ད་རེས་དཔྱད་ཞིབ་ཚོགས་འདུ་ཐེངས་གཉིས་པ་དེ་འཚོགས་ཤིང་།
IMG_8794.JPGIMG_6034.JPG
འཚོགས་ཐོག་ཏུ་
སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣ་དང་། ཟིང་ཆུ་རྫོང་ཁོངས་ཀྱི་ཆེད་མཁས་ཞིབ་འཇུག་པ་དང་དགེ་རྒན་ཆེན་མོ་བ་སོགས་མི་སྣ་ཉི་ཤུ་ཡས་མས་ཤིག་ཚོགས་འདུར་བཞུགས་ཏེ་ལོ་རྒྱུས་དེབ་ཐེར་དང་འབྲེལ་བའི་སྐོར་ལ་བསམ་འཆར་ལྷུག་པོ་བསྡུ་ལེན་གནང་སྟེ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་དེབ་ཐེར་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བགྲོ་གླེང་གནང་།