གསར་འཕྲིན་དད་གསུམ་རྒྱ་མཚོའི་རྦ་རླབས།

IMG_7669.JPG
IMG_7669.JPG
སྙིགས་དུས་ཀྱི་དྲང་སྲོང་འདུལ་བ་འཛིན་པ་བསླབ་གསུམ་བསྟན་པའི་བདག་ཉིད། དཔོན་སློབ་༧ཚུལ་ཁྲིམས་དཔལ་འབྱོར་རྒྱ་མཚོ་རིན་པོ་ཆེ་ཁོང་གི་སྐུ་གསུམ་ཐུགས་ཀྱི་མཛད་པའི་ཤུགས་ཡོད་ཚད་བསྟན་འགྲོ་ཁོ་ནའི་དོན་དུ་ཕྱུང་བ་ཡིན་ལ། དུས་རྒྱུན་པར་སངས་རྒྱས་ཀྱི་བསྟན་པ་ངོ་མ་ནི་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་ཡིན་པར་ཞལ་བཞེས་གནང་གི་ཡོད་པ་དང་། དོན་དུ་ཡང་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་བཙུགས་ཏེ་བསྟན་པའི་ཁྲེས་ཆེན་པོ་ཞིག་ཕྲག་ཏུ་བཞེས་ནས་ཡོད།
IMG_7669.JPGIMG_7669.JPG
གདུལ་བྱ་འགྲོ་བའི་དོན་དུ་ཡང་ཟད་མི་ཤེས་པའི་རྒྱ་ཆེའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་ནི་སྨོས་ཅི་སྟེ་དགོས། འཆར་ཅན་གྱི་ལོ་རེ་ནང་དབྱར་དགུན་སྐབས་སུ་འགྲོ་བ་དད་ལྡན་མང་པོར་བོན་ཁྲིད་རྒྱ་ཆེ་ཐེངས་གཉིས་རེ་དང་སྔོན་འགྲོའི་ཁྲིད་གནང་བཞིན་ཡོད་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་བོ།།
IMG_7669.JPG
ད་ཐེངས་ཡང་། སྤྱི་ལོ་༢༠༡༨ལོའི་ཟླ་༡༢པའི་ཚེས་༨ནས་བཟུང་དེ་རིང་སྟེ། སྤྱི་ཚེས་༡༤བར་ཉིན་བདུན་གྱི་རིང་ལ་སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་བདེ་ཆེན་ཞིང་སྒྲུབ་བཅས་ཀྱི་སྒྲུབ་པ་སྤེལ་བ་དང་། བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་ལ་སོགས་པའི་ཁྲིད། མདོར་ན། འཕྲལ་ཡུན་ཀུན་ཏུ་ཕན་པའི་དགེ་སྡིག་སྤང་ལེན་གྱི་རྣམ་བཞག་དང་དེང་གི་སྤྱི་ཚོགས་ལ་ཕན་པའི་སློབ་གསོ་གནད་ལ་སྨིན་པའི་ཁྲིད་བཅས་གནང་བ་རེད།
IMG_7677.JPG
དེ་བས་བསྟན་པར་བསམ་བློ་གཙང་བའི་བླ་མ་དགེ་བའི་བཤེས་གཉེན་ཁག་ཅིག་གིས་ཀྱང་ཁོང་ལ་(ཟིང་ཆུའི་སྐྱབས་མགོན་)ཞེས་མཚན་གསོལ་ན་ཆོག་ཅེས་བཀའ་གསུང་གནང་བཞིན་ཡོད་ཀྱང་དོན་ལ་ཡང་དེ་ལྟར་དུ་གནས་སོ།།

ཞེས་བོན་ཁྲིད་རྒྱ་ཆེར་གནང་བའི་གནས་ཚུལ་ཉུང་ངུ་འདི་ཤར་དུག་ལྕེས་རང་ཤག་ལུང་རིག་རྩེན་པའི་ལྡིང་ཁང་དུ་བཀོད།༢༠༡༨/༡༢/༡༤ཉིན།