སྐྱིད་འཛོམས་དགོན་པའི་རྟེན་བཞེངས་སྐོར།

   གཤེན་རབ་ཀྱི་བཀའ་འོག་ཏུ་གྱུར་བའི་བསྟན་སྲུང་“བྲག་བཙན་ཨ་བསྭེ”གྱིས་བོན་བསྟན་སྐྱོང་བ་ཞལ་གྱི་བཞེས་པའི་འཕྲིན་ལས་ཐོགས་མེད་བསྒྲུབས། ཁྱད་པར་ཏུ་མདོ་སྨད་ཤར་ཡུལ་སྐྱིད་འཛོམས་དགོན་པའི་སྒེར་སྲུང་བསྟེན་པས། ཤེས་རབ་གོང་འཕེལ་གྱི་གསུང་འོག་ནས་སྦྱིན་བདག་རྗེ་འཕེན་འཐག་གཞིས་ཀུན་རིགས་སྐྱབས་ཀྱིས་བྲག་བཙན་ཨ་བསྭེའི་སྐུ་བརྙེན་ཟངས་གསེར་ལས་གྲུབ་པ་མཐོ་ཚད་སྨིས་བཞི་དང་སྐར་མ་དོ་ཅན་ཞིག་རྟེན་བཞེངས་གནངས། སྐུ་གཟུགས་ལྷ་ས་ནས་བརྡུང་བ་དང་། རྡུང་བའི་ཐད་ནས་༢༠༡༨་༡་ནང་ཤེས་རབ་གོང་འཕེལ་ལྷ་ས་ན་བསྡད་པའི་ཆབ་མདོ་མགར་བ་ཨ་ལོག་རྩ་ཕེབས་ནས་སྐུ་བརྙན་བརྡུང་རྒྱུ་འཆར་འགོད་མཛད།
   དེ་དང་མཉམ་དུ་སྨན་རི་མཁན་རབས་སོ་གསུམ་པའི་སྐུ་གདུང་ཡང་ཤེས་རབ་གོང་འཕེལ་གྱི་གསུང་འོག་ནས་མཐའ་བར་རུའི་བུ་གྲུབ་ལྡན་དབང་མཆོག་གིས་སྦྱིན་བདག་བྱས་ནས་སྐུ་གདུང་ཟངས་གསེར་ལས་གྲུབ་པའི་མཐོ་ཚད་སྨིས་གསུམ་དང་སྐར་མ་དོ་ཅན་ཞིག་རྟེན་བཞེངས་མཛད། གྲུབ་ལྡན་དབང་མཆོག་ལ་ཤེས་རབ་གོང་འཕེལ་གྱིས་ནམ་ཡང་ཕྱྭ་གཤེན་ཐེག་པའི་ཁུངས་སུ་གཏོགས་པའི་མོ་ཡིས་རོགས་སྐྱོང་བླ་མེད་བྱས་སྟབས།  སྦྱིན་བདག་ཁོང་གིས་“ཁྱེད་ང་ལ་དུས་རྒྱུན་བཀའ་དྲིན་མཛད་ཡོད་པས། ངས་ཁྱེད་ལ་རོགས་སྐྱོང་གང་ཐུབ་བྱ་འོང་”བརྫས། དེས་ཤེས་རབ་གོང་འཕེལ་གྱིས་ང་ལ་རེ་བ་ཞིག་ཡོད་པ་ནི། སྨན་རི་མཁན་རབས་སོ་གསུམ་པའི་སྐུ་གདུང་ཞིག་བཞེང་དགོས། དེ་ཁྱེད་དང་མི་འགས་བཞེངས་རོགས་གསུངས། རྗེས་མ་ཤེས་རབ་གོང་འཕེལ་ལྷ་སར་ཕེབས་དུས་སྦྱིན་བདག་ཁོང་གིས་“སྐུ་གདུང་དེ་ང་གཅིག་བུ་བཞེངས”བརྫས་ནས་ཁས་བླངས།
   ༢༠༡༩་༤་པའི་ནང་ཤེས་རབ་གོང་འཕེལ་ལྷ་སར་ཡང་བསྐྱར་ཕེབས་ནས་སྐུ་གདུང་དང་སྲུང་མའི་སྐུ་བརྙན་ཐད་ལྟ་ཞིབ་མཛད་རྗེས། སྲུང་མའི་སྐུ་བརྙན་གྱི་ཕྱག་མཚན་བཟོ་བཅོས་བྱས་ཡོད་འདུག ༢༠༡༩་༥་ནང་ཤེས་རབ་གོང་འཕེལ་ལྷ་སར་ཕེབས་ནས་སྐུ་གདུང་དང་སྐུ་བརྙན་གཉིས་ཨ་མདོ་ཤར་ཁོག་ལ་གདན་དྲངས། ཟླ་༥་ཚེས་༡༦་ཉིན་གཙོ་ཚང་རྒུ་ནས་སྐྱིད་འཛོམས་དགོན་ལ་གདན་འདྲེན་ཞུ་སྐབས། སྣང་ཞིག་དགོན་པའི་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་དང་ཤེས་རབ་གོང་འཕེལ་གཉིས་གཙོ་བོ་བྱས་ནས་གྲྭ་བ་འགའ་དང་། སྐྱིད་འཛོམས་དགོན་པའི་ལྷ་སྡེ་ཡིས་དགའ་བྲོད་དད་གུས་ཀྱི་སྒོ་ནས་དགོན་པའི་སྒྲུབ་ཁང་ནང་གདན་དྲངས། དེ་ནས་བླ་གྲྭ་ཚོ་བསྐང་གསོལ་གསུངས། སྤྲུལ་སྐུ་ཤེས་རབ་འོད་རྒྱལ་མཚན་གྱིས་རྗེས་བཞག་བསྟན་པ་གསུམ་གྱི་སྒོ་ནས་གསུང་བཤད་དང་། ཤེས་རབ་གོང་འཕེལ་ཀྱིས་སྐུ་གདུང་དང་སྐུ་བརྙན་གཉིས་ཀྱི་ཐད་ནས་གསུང་བཤད་དང་། མང་ཚོགས་ལ་བཀའ་སློབ་བཟོ་རྒྱས་གནང་བ་མཛད། བཀྲ་ཤིས་ཤོག།
ཞེས་སྐྱིད་འཛོམས་དོ་དམ་ཨུ་ཡོན་ལྷ་ཁང་ནས།