མདོ་སྨད་སྣང་ཞིག་དགོན་པའི་དུས་མཆོད།

IMG_3066.JPGIMG_3068.JPGམདོ་སྨད་སྣང་ཞིག་དགོན་པའི་<སྒྲུབ་གཞུང་མུན་སེལ་སྒྲོན་མེ་འཁོར་བ་དོང་སྤྲུག>་གི་སྒྲུབ་པ་འཚོགས་པའི་དུས་ཚོད་ནི་དུས་རབས་གསར་རྙིང་གཉིས་ཀར་ཕག་ཟླའི་ཚེས་༢༤་ཉིན་ཞོགས་པའི་བྱ་སྐད་དང་པོ་རྒྱག་དུས་ནས་འགོ་བཙུགས་ཡོད།

IMG_3067.JPGརིག་གསར་མ་ཡོང་གོང་འདྲ་ཡིན་ན། ཕག་ཟླའི་ཚེས་༢༠་ཉིན་སྤྱིའི་ལས་སྣེ་རྣམས་འཚོགས་ནས་གསོལ་ཆས་གྲ་སྒྲིག་དང་འཚོགས་པའི་གཞི་བཟུང་ཡོད། ༢༣་ཉིན་“ཡར་འཚོགས”ཟེར་ནས་གྲྭ་མང་རྣམས་དགོན་པའི་ནང་འཛོམས་ནས་མཆོད་བཟོ་བྱས་པ་དང་། ༢༤ཉིན་ཞོགས་པའི་བྱ་སྐད་དང་པོ་རྒྱག་དུས་ནས་བཞེང་བརྡ་དུང་ཆེན་“གངས་རི་ཉི་ཤར”་དང་། རྒྱ་གླིང་“བདེ་ཆེན་རྒྱལ་པོ”བཅས་འབུད་དགོས། བྱ་སྐད་གཉིས་པའི་ཐོག་མཁར་རྔ་རྡུང་ཚར་བ་དང་། བླ་མ་གསེར་ཁྲི་ཁར་ཕེབས་བསུ་ཞུ། དེའི་མཚམས་ནས་གྲྭ་མང་རྣམས་ཀྱིས་འདུ་ཁང་མདུན་ནས་«རྗེ་མཉམ་མེད་ཆེན་པོའི་གསོལ་འདེབས»་ཚར་གསུམ་དལ་མོ་གསུངས་བ་དང་། ཚར་གཅིག་གྱེར་ནས་གསུངས་སྲོལ་ད་ལྟའི་བར་རང་ཆགས་གནས། དེ་ནས་གྲྭ་མང་འཚོགས་གྲལ་ལ་བཞུགས་རྗེས་«རྗེ་མཉམ་མེད་ཆེན་པོའི་གསོལ་འདེབས»་སྔ་ལྟར་ཚར་བཞི་གསུངས་པ་དང་། དེའི་མཚམས་ནས་འཚོགས་འདོན་གསུངས་རྗེས་ཞོགས་ཇ་བཞེས། གྲྭ་མང་གིས་«སྒྲུབ་གཞུང་མུན་སེལ་སྒྲོན་མེ»གསུང་བ་དང་། གྲྭ་རྒན་བཅུས་སྒྲུབ་ཁང་ནང་ནས་«ཕུར་པའི»་སྒྲུབ་པ་སྲུང་ཟློག་བསད་གསུམ་འགྲོ་གི་ཡོད།  རིག་གསར་གྱི་རྗེས་སུ་ཕུར་པའི་སྒྲུབ་གཞུང་གསུངས་སྲོལ་མི་འདུག དེའི་ཚབ་དུ་སྟག་ལའི་སྲུང་ཟློག་དང་བོན་སྐྱོང་གསོལ་ཁ་གསུངས་ཀྱིན་ཡོད། ཉིན་དང་པོ་འཚོགས་དུས་ཕྱི་མཚམས་འདོན་སྐབས་སུ་ཐོ་བཞིའི་འཆམ་མཆོང་ནས་ཕྱོགས་བཞིར་ཐོ་སྡོམ་ནས་ཉིན་བདུན་རིང་དགོན་པའི་ལྕགས་རིའི་ཕྱིར་གྲྭ་མང་རྣམས་འགྲོ་མི་ཆོག
IMG_3071.JPGཉིན་གཅིག་ལ་«མུན་སེལ་སྒྲོན་མེ»་ཚར་དྲུག་འདོན་པ་དང་། འདུ་ཁང་ནང་«དུ་ཏྲི་སུའི»་སྙིང་པོའི་ཉིན་མཚན་བཅུ་བཞིའི་བར་རྒྱུན་མི་བཅད་པ་གསུངས་སྲོལ་འདུག འདུ་ཁང་ནང་ནས་གྲྭ་པ་རེ་འགའི་སྔ་ཐུན་ཕྱི་ཐུན་བྱས་ནས་འདོན་པ་དང་། སྐྱ་བོ་ཚོས་འདུ་ཁང་ཕྱི་ནས་སྔ་ཐུན་ཕྱི་ཐུན་བྱས་ནས་«དུ་ཏྲི་སུ»ཉིན་མཚན་གཉི་གར་རྒྱུན་ཆད་མེད་པ་འདོན་དགོས། མཚན་མོ་“རིགས་དྲུག་རང་སྦྱོང་”འདོན་དགོས་རེད། ཉིན་དང་པོ་དང་ཉིན་བཞི་པ་སོགས་ལ་དགོང་མོའི་བཀའ་སྐྱོང་གྱེར་དགོས་པ་དང་། ཉིན་བཞི་པའི་ཉིན་མོར་འཆམ་རྩིས་ལེན་ནས་འཆམ་པོ་ཡག་སྡུག་འབྱེད། རྐང་སྟབས་ལག་སྟབས་མེད་མཁན་རྣམས་བརྗེ་དགོས་པ་དང་། རྐང་སྟབས་ལག་སྟབས་ཡོད་མཁན་རྣམས་འཆམ་གྲལ་ལ་བཞག་སྲོལ་ཡོད།
IMG_3072.JPG
འཚོགས་གྲལ་ལ་གྲྭ་བ་ཚོ་གཉིད་འདུག་མཁན་དང་། སྐད་ཆ་བཤད་མཁན་ཡོད་སྲོལ་མི་འདུག དགེ་བསྐོས་ཀྱིས་དབྱུག་པ་ཞིག་ཁུར་ནས། གདང་གྲལ་ཡར་མར་ཕེབས་བ་དང་། འདོན་པའི་སྣེ་ཁྲིད་པ་དང་། ཕྱག་རྒྱ་ཚང་མ་བྱེད་ཞོར་ཕེབས་བ་མ་གཏོགས། ཁྲིའི་ཁར་གཉིད་འདུག་ཁོམ་ཡོད་ས་མ་རེད། རྒྱ་གླིང་དུང་ཆེན་འདྲ་ཡིན་ན་དཔེར་མེད་གྲ་སྒྲིག་ཡོད་པ་དང་། རང་སྣང་གང་ཤར་གཏིང་ནས་འབུད་ཆོག་སྲོལ་མི་འདུག མཚན་མོ་གཟིམ་བརྡ་“ཐུགས་དམ་གཟིམ་བདེ”འབུད་དུས་འདྲ་ཡིན་ན། སྤྱིའི་ལས་སྣེ་ཚོས་དུང་གླིང་གཏོང་མཁན་ཚོར་ཇ་འཐུང་བྱེད་མར་ཆུར་ཉུང་ཙམ་རེ་སྟེར་སྲོལ་ཡོད།
IMG_3069.JPGIMG_3073.JPG
བྱི་ཟླའི་ཚེས་གཅིག་ལ་དགོན་པའི་ལྟད་མོ་དང་། དགོང་མོར་དུ་ཏྲི་སུའི་དབང་བླ་མ་ཚོས་སྐྱ་སེར་ཡོངས་རྫོགས་ལ་བསྐུར་བ་དང་། དུ་ཏྲི་སུའི་རིལ་བུ་གནང་བ་མཛད། ཚེས་༢་ཉིན་ཁྲི་བ་བསྐྱལ་དགོས་པ་དང་། དེ་དུས་ཁྲི་བ་དང་དེང་དུས་ཁྲི་བ་གཉིས་ཅུང་འདྲ་མི་འདུག སྔོན་མ་འདྲ་ཡིན་ན་ཁྲི་བ་༼ཨ་མདོ་ཤར་ཁོག་ནས་སྦྱིན་བདག་ཚོར་ཁྲི་བ་ཟེར་སྲོལ་ཡོད།༽ཚོས་གྲྭ་མང་ལ་དངུས་སྒོར་༢་རེ་འགྱེད་གནང་བ་དང་། གསོལ་ཆས། མཆོད་ཆུ་མཆོད་མར་བཅས་ཆ་ཚང་དགོས་རེད། བཀྲ་ཤིས་ཉིན་མོར་འདུ་ཁང་དུ་ཁྲི་བ་ཚོ་འདུག་ས་གདན་བཏིང་ནས། ཁོ་ཚོས་རྟ་ནོར་གྱི་སྲབ་དང་སྐེ་རྒྱན་སོགས་ཁུར་འོང་ནས་བཀྲ་ཤིས་འོག་ནས་བྱིན་རླབས་ཞུ་བ་རེད། དེ་ནས་ཁྲི་བ་རེར་རྒྱ་མཚན་ཆ་རེ་དང་རྩམ་པའི་བཟོ་པས་ནོར་བུ་རེ་གནང་ནས་གྲྭ་བ་དྲུག་དྲུག་གིས་སྐྱེལ་བ་དང་། ཁྱིམ་ཚང་དེའི་མཆོད་ཁང་ནང་སླེབ་དུས་གྲྭ་པ་ཚོས་“ཨ་གཡུང་དྲུང་ལྟམ་པའི་བྲག་ཐོག་ཏུ། མི་ནུས་རྒྱ་མཚན་འཇུག་པ་ཤོག”ཟེར་ནས་རྒྱ་མཚན་ཡར་ཕྱར་བ་དང་མཆོད་རྡུང་གནང་རྗེས། གཡང་འབོད་ནོར་ལྷ་མཆོད་བརྒྱད་འདོན་དེའི་མཚམས་ནས་བཀྲ་ཤིས་ཀྱིས་མཇུག་བསྡུས་པའོ།།
IMG_3074 2.JPGIMG_3074 2.JPGདེང་སང་འདྲ་ཡིན་ན། ཕག་ཟླའི་ཚེས་༢༠་ཉིན་གྲྭ་རྒན་རྣམ་པའི་རྣམ་རྒྱལ་སྟོང་མཆོད་དང་། གྲྭ་གཞོན་དང་གྲྭ་ཆུང་རྣམ་པའི་འཆམ་སྦྱོང་གི་ཡོད།
IMG_3078.JPGIMG_3081.JPGཚེས་༢༤་ཞོགས་པའི་དུས་ཚོད་༥་འདྲའི་ཐོག་ནས་བཞེང་བརྡ་གཏོང་བ་དང་། དུས་ཚོད་༦་དང་སྐར་ཆ་༥༠་ཐོག་ནས་གྲྭ་བ་ཚོས་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་གཟིམ་ཤག་ནས་འཚོགས་གྲལ་ལ་ཕེབས་བསུ་ཞུ་ནས་གསེར་ཁྲི་ཁར་མངའ་གསོལ།

IMG_3077.JPGIMG_3079.JPGགྲྭ་མང་གིས་འདུ་ཁང་ཕྱི་ནས་རྩེ་ཞྭ་དང་ཟླ་གམ་གནང་ནས་“རྗེ་མཉམ་མེད་ཆེན་པོའི་གསོལ་འདེབས་”་ཚར་གསུམ་འདོན་པ་དང་ཚར་གཅིག་དབྱངས་སུ་གྱེར། གྲྭ་མང་གདང་གྲལ་ལ་བཞུགས་རྗེས་བདེ་ཆེན་པོ་ཚར་གསུམ་འདོན་པ་དང་། དེའི་མཚམས་ནས་སྐྱབས་འགྲོ་བདག་དང་འགྲོ་བ་དང་། འཚོགས་འདོན་སོགས་འདོན་ཚར་རྗེས་ཞོགས་ཇ་བཞེས་པ་རེད། 
IMG_3080.JPGIMG_3082.JPGདེ་ནས་བདེ་ཆེན་རྒྱལ་པོ་ཚར་བཞི་དང་དེའི་མཚམས་ནས་ཨ་ཁྲིད་འདོན་པ་དང་། དུ་ཏྲི་སུ་སྒྲིབ་སྦྱོང་འགོ་བཙུགས་པའི་ཉིན་རེ་ཚར་གསུམ་འདོན་པ་དང་དགོང་མོ་བཀའ་སྐྱོང་གསུང་དགོས།
IMG_3083.JPGIMG_3085.JPGདགོང་མོ་བཀའ་སྐྱོང་འདོན་དུས་གདང་གྲལ་བཞུགས་པའི་གྲྭ་བ་འགའི་ལག་ལ་རྔ་ཆུང་བཞག་ནས་ཚང་མས་མཉམ་དུ་འདོན་པ་རེད། ཉིན་བཞི་པར་“གཞུང་ཉིན་མོ”ཟེར་ནས་ལས་སྣེ་བརྗེ་ལེན་དང་། དར་མོ་ཆེན་ལ་རབ་གནས་དང་།
IMG_3075 2.JPGཉིན་བདུན་པ་ཉིན་མོར་དགོན་པའི་ལྟད་མོ་མཛད་ནས་བླ་གྲྭ་མི་མང་ཀུན་གྱི་སྤྱན་ལམ་དུ་འཆམ་གྱི་མཆོད་པ་འབུལ་བར། ༡ རྣམ་བརྒྱད། ༢ དཀར་འཆམ། ༣ ཁེར་འཆམ། ༤ ཁྲོ་འཆམ། ༥ སྲིད་བརྒྱ། ༦དུར་ཁྲོད། ༧ ཤྭ་འཆམ། ༨ བསྒྲལ་སྟབས། ༩ སེང་འཆམ། ༡༠ དགུ་འཆམ་གྱི་མཇུག་ཏུ་མདོས་བསྐྱལ། མདོས་སྐྱེལ་དུས་འདྲ་ཡིན་ན། བླ་གྲྭ་ཚང་མས་སྒོའི་ཕྱི་ལོག་མར་བསྐྱལ་བ་དང་། སྐྱ་བོ་ཚོས་ཤོད་སྦག་དང་ཀི་སྒྲ་བཅས་བསྐྱལ་གྱི་ཡོད། ཉིན་བརྒྱད་པའི་ཉན་མོ་བཀྲ་ཤིས་བྱས་རྗེས་ལོ་གཅིག་གི་འཚོགས་ཆེན་
མཇུག་བསྡུས་པའོ། །