ས་འབྲུག་དགོན་ནས་གདུང་ཞུགས་མཆོད་འབུལ་ཞུས་པ།

 1506949637567589.jpg

1506949637785028.png

   དེ་ཡང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་རིན་པོ་ཆེ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གི་བཀའ་སློབ་འོག་མདོ་སྨད་ཟིང་ཆུ་རྫོང་ཁོངས་ཀྱི་སྨད་ཕྱོགས་སུ་གནས་པའི་བོད་ཆའང་རྒྱ་གསུམ་འདྲེས་མའི་ཆ་མཚམས་སུ་གནས་པའི་ས་འབྲུག་དགོན་དཔལ་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་གི་སྐུ་གདུང་ཞུགས་འབུལ་གྱི་ཉིན་དང་བསྟུན་ནས་དགོན་པའི་བླ་གྲྭ་ཁག་དང་དད་ལྡན་མང་ཚོགས་ཡོངས་ནས་གདུང་ཞུགས་ཀྱི་མཆོད་པ་ཕུལ་བ་དང་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ཕྱིར་དུ་བླ་མའི་མཆོད་པ་ཕུལ་བ་དང་༧སྐྱབས་རྗེ་མཆོག་གི་གསོལ་འདེབས་སྐྱོ་དབྱངས་སུ་གྱེར་ནས་༧སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་བ་དང་། མང་ཚོགས་རྣམས་དགོན་པའི་གླིང་སྐོར་གནང་བ་སོགས་ཀྱི་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་སོགས་ཀྱི་གནས་བསྡུས་ཙམ་དུ།

ས་འབྲུག་དགོན་ཀུན་གསལ་སྨིན་གྲོལ་གླིང་གི་སེར་སྐྱ་ཡོངས་ནས།