སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་ནས་གདུང་མཆོད་འཚོགས་པ།

 

1505874554723063.jpg

1505874554180088.jpg

འཛམ་གླིང་བོན་གྱི་གཙུག་རྒྱན། ཞྭ་དཀར་བསྟན་པའི་གསལ་བྱེད། སྙིགས་དུས་བསྟན་པའི་མངའ་བདག སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཆུ་བཞིའི་འཇིགས་པ་གཏན་དུ་སྤངས་ཟིན་ཀྱང་། བོན་ནོར་འདོད་པ་བཞི་ལ་སྲེད་པའི་རྟག་འཛིན་ཅན་རྣམས་བོན་ལ་བསྐུལ་བའི་ཕྱིར་དུ། གཟུགས་སྐུ་ཟ་མ་ཏོག་ཆེན་པོའི་བཀོད་པ་བོན་དབྱིངས་སུ་ཐིམ་པའི་ཚུལ་གློ་བུར་དུ་བསྟན་པས།བོན་འབངས་སྐྱེ་དགུ་ཡོངས་ཀྱིས་ཡིད་མཚོ་མོར་མི་འདོད་ཟུག་རྔུ་རླུང་གིས་དྲག་ཏུ་གཡོ་བས། ཤར་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་གྱི་དབུ་ཁྲིད་འོག་དགོན་གྲོང་གཉིས་ཀྱིས་སྒོ་གསུམ་གུས་བརྒྱའི་རྒྱན་མངོན་དུ་བྱས་ཏེ། 

1505874553138601.jpg

1505874553301437.jpg

  ༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཐུགས་ཡེ་ཤེས་ཀྱི་ཀློང་ནས་བཞེད་དགོངས་ཅི་ཡོད་པ་འགྲུབ་སླད་དང་། ལྟོས་བཅས་གདུལ་བྱ་སེམས་ཅན་རྒྱུད་ཀྱི་དུག་ལྔ་དུག་གསུམ་མ་ལུས་བྱང་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ། ངེད་དགོན་གྲོང་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་ངང་ནས་གདུང་མཆོད་རྣམ་ལྔ་རྣམ་བརྒྱད་སོགས་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་ཚོགས་ཀུན་ནས་བསྟབ་པ་དང་། བསླབ་གསུམ་འདུས་སྡེ་ཡོངས་ནས་བླ་མེད་མཆོད་པ་དང་མཉམ་མེད་བླ་མའི་ནང་སྒྲུབ་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་ཚོགས་ཀྱི་མཆོད་པ་བླ་ན་མེད་པའི་མཆོད་པ་ཅི་ནུས་བགྱི་བཞིན་ལགས། སླར་ཡང་གཞིས་བྱེས་བོན་འབངས་ཡོངས་ཀྱི་མགོན་དུ་ཡང་སྲིད་ཉི་མ་གཞོན་ནུ་ཤར་རིའི་ཕྲག་གོང་ནས་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས།

 

                  ཤར་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་ནས།