བྲག་དཀར་བྱ་རྒོད་དགོན་གྱི་སེར་སྐྱ་ཡོངས་ཀྱིས་གདུང་མཆོད་འབུལ་བ།

 1506221266679471.jpg

1506221266113393.jpg

   ༄༅་།      རང་ཅག་བོན་འབངས་ཡོངས་ཀྱི་སྤྱི་ནོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་བོན་གྱི་གདན་ས་ཆེན་པོོ་དཔལ་གཤེན་བསྟན་སྨན་རི་གླིང་གི་བླ་བྲང་དུ་ཐུགས་གཡོ་མེད་ངང་ནས་དགོངས་པ་བོན་དབྱིངས་སུ་སྡུས་ཚུལ་ཏེ་2017ལོ་ཟླ་9ཚེས24ཉིན་གྱི་དགོང་དྲོ་ཐོས་པས་བོན་གྱི་ཀ་ཆེན་འགྱེལ་སོང་ཞེས་པའི་མི་སྙན་སྒྲ་ཡིས་རྣ་བར་དཀྲུགས་སོང་བས།

1506221266129435.jpg
1506221266502137.jpg

   ང་ཚོ་ལ་བཟོད་གླགས་མེད་པའི་ན་ཟུག་གིས་རྩེས་ཁྲོད་དུ་གནས་མཆོག་བྲག་དཀར་བྱ་རྒོད་དགོན་སྨིན་གྲོལ་ནོར་བུ་གླིང་གི་བླ་གྲྭ་ཡོངས་ཀྱིས་ཞག་གསུམ་དྲོས་བཞིའི་སྐབས་བསྟུན་ཚེས་བཅུ་དྲུག་དང་བཅུ་བདུན་་ལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་ཞལ་ཕྱེས་ཏེ་རིན་པོ་ཆེའི་གསོལ་འདེབས་དང་སྨོན་ལམ་སོགས་དང་ལྷ་སྡེ་རྣམས་ཀྱིས་ཁ་འདོན་ཟླས་བརྗོད་གཅོད་པ་དང་ཚེ་དབང་སྨོན་ལམ་དང་སྙིང་པོ་རྣམ་གསུམ་སོགས་དང་ཕྱག་སྐོར་ལ་འབད་པས་གདུང་སེམས་མིག་ཆུའི་མཆོད་པ་འབུལ་བ།  འདི་གའི་བོན་འབངས་རྣམས་དང་གཞན་སྡེའི་བསམ་བློ་ཅན་དང་རིགས་ཞེན་ཅན་ཡང་ན་དག་སྣང་ཅན་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱིས་དགེ་སྒྲུབ་ལ་འབད་པ་བྱས་སོ། །

微信图片_20170924104339.jpg

   འདི་ལ་བརྟེན་ནས་མཐེ་བོ་ཕྱོགས་ཀྱི་བོན་འབངས་རྣམས་གཙོ་བྱས་དད་ལྡན་མང་ཚོགས་ཡོངས་ཀྱིས་ཡང་སྤྲུལ་གསེར་གྱི་ཉི་མ་ལ་རེ་སྒུག་དང་གྱེར་བསྟན་ཕྱོགས་སུ་རྒྱས་པའི་སྨོན་ལམ་རྩེ་གཅིག་ཏུ་བཏབ་དང་འདེབས་བཞིན་པའི་ངང་ནས།    

ཞེས་གནས་མཆོག་བྲག་དཀར་བྱ་རྒོད་དགོན་དོ་དམ་ཁང་ནས།2017,9,17,