ང་མཐོ་སྒང་ནས་ཡོང་བ་ཡིན། འབྲུག་མོ། ཁམས་འཕྲིན།

ཁམས་པའི་བརྙན་འཕྲིན་ཁང་གི་འཆི་མེད་གླེང་མོའི་ལེ་ཚན་གྱི་"ང་མཐོ་སྒང་ནས་ཡོང་བ་ཡིན་"ཞེས་པའི་དུས་སྐབས་གཉིས་པ།


འབྲུག་མོ་ནི་པེ་ཅིན་དུ་ལོ་བཅུ་བདུན་ལ་འཚོ་བ་བསྐྱལ་མྱོང་བའི་བོད་ཡིག་དགེ་རྒན་ཞིག་ཡིན་ལ།མོས་ཁུ་སིམ་པའི་པེ་ཅིན་གྱི་སྲང་ལམ་ཞིག་ཏུ་འབྲུག་མོའི་བོད་སྐད་ལས་སྒྲུབ་ཁང་བཙུགས་ནས་བོད་ཡིག་སློབ་ཁྲིད་ཀྱི་ལས་ལ་ཞུགས་པ་རེད།འོན་ཀྱང་ལས་སྒྲུབ་ཁང་གློ་བུར་དུ་གནས་སྤོ་དགོས་བྱུང་བས།སྔོན་གྱི་ལྷིང་འཇགས་ཀྱི་འཚོ་བ་དེ་གཞི་ནས་དཀྲོགས་སོང་།དེས་ན་མོས་ཅི་ལྟར་མུ་མཐུད་དུ་འཚོ་བ་ལ་གདོང་གཏོད་པ་དང་།བརྒྱུད་རིམ་འདིའི་ཁྲོད་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གང་དག་བྱུང་ཡོད་དམ་ཞེ་ན།ང་ཚོས་མཉམ་དུ་འོག་གི་བརྙན་ལམ་བརྒྱུད་ནས་དགེ་རྒན་འབྲུག་མོའི་གཏམ་རྒྱུད་ལ་གཟིགས་པར་བྱ།