རྟེན་འབྲེལ་གྱི་ཤིས་སྨོན། མཁན་པོ་ཚེ་ནོར་གྱི་དེབ་གསར།

བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མཁན་པོ་ཚེ་རིང་ནོར་བུའི་རྩོམ་དེབ་གསར་བ་༼བོན་གྱི་ལོ་རྒྱུས་ངོ་སྤྲོད་༽པར་སྐྲུན་འགྲེམ་སྤེལ་གནང་བ་ལ་རྟེན་འབྲེལ་ཞུ།
5555.jpg

   དེ་ཡང་དེང་དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་གནའ་བོའི་ཞང་བོད་ཤེས་རིག་གི་གཞི་མ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་སྤེལ་དང་ཁྱབ་བསྒྲགས་སོགས་ཀྱི་མཛད་རྗེས་བླ་ན་མཐོ་བའི་མཁན་པོ་ཚེ་རིང་ནོར་བུ་མཆོག་གི་གསུང་དེབ་གསར་བ་《བོན་གྱི་ལོ་རྒྱུས་ངོ་སྤྲོད།》ཅེས་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་ནས་འགྲེམ་སྤེལ་གྱི་མཛད་སྒོ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཀྱི་ཐུགས་རྗེའི་ལེགས་གསོལ་ཞུ་བ་ལགས། དེ་ཕྱིར་མཁན་པོ་ཚེ་རིང་ནོར་བུ་མཆོག་གི་མཛད་བཟང་ལ་ཡིད་རངས་ཀྱི་ཚིག་འགའ་ཞུ་བ་ལ།
   ༡༽བོད་མི་རིགས་ཀྱི་རིག་གནས་ལ་ཞབས་ཞུ་གནང་བའི་མཛད་རྗེས། དེང་འཛམ་གླིང་སྟེང་གི་མི་རིགས་གང་དང་གང་ཡིན་ན་འདྲ་རང་མི་རིགས་ཀྱི་རིག་གནས་གང་དེ་ཉིད་དུས་རབས་དང་མཐུན་པའི་སྒོ་ནས་ཁྱབ་སྤེལ་གནང་རྒྱུ་དེ་གལ་འགངས་ཆེ་བའི་གནས་སུ་ཆགས་ཡོད་སྟབས། མཁན་པོ་ཁོང་གིས་དེ་སྔར་བོད་ཀྱི་རིག་གཞུང་འདི་ཉིད་གང་ལ་གང་འདུལ་དེ་ལ་དེ་བསྟུན་གྱི་མཛད་བཟང་གཙིགས་སུ་བཟུང་སྟེ་བོད་རྒྱ་མི་རིགས་ཀྱི་མི་སྣ་དུ་མ་ཞིག་སྐྱེད་བསྲིངས་མཛད་ཅིང་། དེ་བཞིན་ཁམས་ཁུལ་གཙོས་པའི་བོད་ཀྱི་དད་ལྡན་སེར་སྐྱ་ཁག་ལ་མི་རིགས་སློབ་གསོའི་བྱ་གཞག་མཛད་རྗེས་བླ་ན་མཐོ་བའི་མི་སྣ་ཞིག་ཡིན། ཁྱད་པར་དུ་རྒྱ་རིགས་ཀྱི་དད་ལྡན་མང་ཚོགས་ཁྲི་མ་འབུམ་ལ་བོད་ཀྱི་ཐུན་མིན་གྱི་རིག་གཞུང་དང་ཆོས་ལུགས་སོགས་གོ་བདེ་ལམ་ནས་འཆད་ཁྲིད་དང་བགྲོ་གླེང་། དེ་བཞིན་རྒྱ་ཡིག་གི་ལམ་ནས་གསུང་རྩོམ་དུ་མ་ཞིག་བརྩམས་ཏེ་གི་བྱ་བ་རླབས་ཆེན་གནང་བ་སོགས་ཀྱི་མཛད་པ་བརྗོད་ལས་འདས།
   ༢༽ཞང་བོད་ཤེས་རིག་ལ་ཞབས་ཞུ་གནང་བའི་མཛད་རྗེས། ཁྱད་པར་དུ་བོད་རང་གི་གནའ་བོའི་རིག་གཞུང་ངམ་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཞང་བོད་ཀྱི་ཤེས་རིག་ཐད་ལ་མཁན་པོ་ཁོང་གིས་ཐོག་མར་ཞང་བོད་ཤེས་རིག་དང་འབྲེལ་བའི་ཞིབ་འཇུག་གི་གསུང་དེབ་བོད་ཡིག་ཅན་ཞིག་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་བསྟར་བ་དང་ལྷན་ཞང་བོད་ཤེས་རིག་ལ་ཞིབ་འཇུག་དང་ཉམས་ཞིབ། དོ་སྣང་། ཆེད་སྦྱོང་གནང་མཁན་གྱི་དགེ་སློབ་དང་། ཁྱད་པར་དུ་སེར་མོ་སྡེ་ལ་སྔ་མེད་ཀྱི་སྙིང་སྟོབས་གསོན་པོ་ཞིག་བསྩལ་མྱོང་ལ། དུས་དེ་ནས་བཟུང་མཁན་པོ་ཁོང་གིས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་བོད་རང་གི་ཤེས་རིག་གི་ཕྱི་མོ་ཞང་ཞུང་གི་རིག་གཞུང་འདི་ཉིད་རྒྱལ་ནང་དུ་སྤེལ་མཁན་ཡིན་ལ།
   ༣༽གཡུང་དྲུང་བོན་བསྟན་ལ་ཞབས་ཞུ་གནང་བའི་མཛད་རྗེས། ཡང་ཁྱད་དུ་མཁན་པོ་ཁོང་ནི་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གཙོས་པའི་འདུས་སྡེ་ཁག་དང་དེ་བཞིན་སྐྱེས་ཆེན་དུ་མའི་མདུན་ནས་གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་སོགས་ལ་ཐོས་བསམ་སྒོམ་གསུམ་དང་དབང་ལུང་ཁྲིད་གསུམ་གྱི་གདམས་པ་དུ་མ་ཞུས་ཤིང་། དེ་ནས་གཞན་ཕན་ལས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་དང་། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་འབྲེལ་བའི་གཞུང་ལུགས་སྐོར་རྒྱ་ཡིག་ལམ་ནས་གོ་བདེ་སྟབས་བདེའི་ཚུལ་དུ་ལྗགས་རྩོམ་མཐའ་ཡས་པ་ཞིག་སྤེལ་ཏེ་རང་བསྟན་འདི་ཉིད་མ་རྟོགས་ལོག་རྟོག་རིགས་བསལ་བ་མཛད་པ་སོགས་བརྗོད་ལས་འདས་ལ། དེ་ཕྱིར་དེ་རིང་མཁན་པོ་ཁོང་གི་གསུང་དེབ་གསར་བ་༼བོན་གྱི་ལོ་རྒྱུས་ངོ་སྤྲོད་༽ཅེས་པའི་འདི་ཉིད་འགྲེམ་སྤེལ་མཛད་དེ་བོན་གྱི་ཐུན་མོངས་མ་ཡིན་པའི་ལོ་རྒྱུས་དང་གཞུང་ལུགས་སྔ་ལས་རྒྱ་ཡིག་ལམ་ནས་གསལ་ཁ་བཟོས་པར་བདག་གིས་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ལགས།

.1.jpg

ཞེས་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་གྱི་༧མཁན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་ནས་༢༠༡༧་༤་༩ཉིན།