མཁན་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་བརྟན་བཞུགས་གསོལ་འདེབས།

 817fd811536dd22d2171ee087c5ca760.jpg

IMG_5032.JPG

ཨེ་མ་ཧོ། སྐུ་གསུམ་དོན་ལྡན་བསྟན་འགྲོའི་དཔལ་མགོན་པོ། །

བསླབ་པ་གསུམ་གྱི་མཁྱེན་རབ་བདག་ཉིད་ཅན། །

རིག་ཀུན་ཁྱབ་བདག་དཔོན་གསས་བླ་མ་རྗེ། །

ཤེས་རབ་མཐར་ཕྱིན་ཞབས་པད་བསྐལ་བརྒྱར་བརྟན། །

   ཞེས་མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་གི་བརྟན་བཞུགས་གསོལ་འདེབས་འདི་ནི་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་བསྐུལ་ངོར་སྨན་རིའི་ཁྲི་འཛིན་གྱི་མིང་ཙམ་འཛིན་པ་ལུང་རྟོགས་ཟླ་བ་དར་རྒྱས་ནས་ཕུལ། ཕྱི་ལོ་༢༠༡༨/༡༠/༣ཉིན།

མཁན་ཟུར་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་མཛད་རྣམ་གནད་བསྡུས།