བསྐལ་བཟང་རྫོགས་ལྡན་བསུ་བའི་ཟླ་བ་སྟོང་ཚེས།

977.jpg
མཁྱེན་བརྩེའི་བདག་ཉིད་སྟོན་པ་རྫོགས་སངས་རྒྱས། །
མདོ་སྔགས་བདག་ཉིད་ཐེག་ཆེན་གཡུང་དྲུང་བོན། །
རིག་གྲོལ་བདག་ཉིད་ཐེག་གསུམ་སེམས་དཔའི་སྡེ། །
སྐྱབས་གསུམ་བདག་ཉིད་བླ་མ་གཙུག་མཆོད་དོ། །

འཛམ་བུ་གླིང་དུ་རྒྱལ་བསྟན་སྒྲེང་མཁས་པའི། །
གསེར་གྱི་ཉི་མ་ནུབ་རིར་བརྒལ་ན་ཡང་། །
དུང་གི་ཟླ་ཆེན་མཁའ་ལ་ཚེས་ནས་ནི། །
འཇིག་རྟེན་མུན་པའི་སྨག་རུམ་ཡུད་ཀྱིས་སེལ། །

རྒྱལ་བ་ཀུན་གྱི་ཐུགས་དགོངས་གཅིག་བསྡུས་ཤིང་། །
རྒྱལ་གཤེན་བསྟན་པའི་སྲོག་ཤིང་བདག་ཏུ་བཞེས། །
རྒྱལ་བ་གཉིས་པའི་རྒྱལ་ཚབ་འཛམ་གླིང་རྒྱན། །
རྒྱལ་བསྟན་མངའ་བདག་མཉམ་མེད་བླ་མར་བསྟོད། །
204.jpg
སྙིགས་དུས་འདྲེན་པ་ཀུན་གྱི་གཙུག་ཕུད་ཅན། །
བསྟན་འཛིན་རི་ཕྲན་དབུས་ནས་རི་རྒྱལ་ལྷུན། །
བྱམས་བརྩེའི་རང་གཤིས་མངའ་བདག་སྙིང་རྗེའི་གཟུགས། །
བདག་ཉིད་མཉམ་མེད་བླ་མའི་ཁྲི་འཕང་བསྟོད། །

རྒྱལ་བསྟན་ཡོངས་རྫོགས་བདག་ཉིད་མངའ་གསོལ་ཅིང་། །
རྒྱལ་བ་གཉིས་པའི་ཞལ་ཚབ་དངོས་བྱོན་པ། །
མདོ་སྔགས་བླ་མེད་བོན་གྱི་བདག་ཉིད་པ། །
མཉམ་མེད་བླ་མའི་ཁྲི་བྱོན་ཨེ་མ་རྨད། །

བོན་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་། །
ཞིང་གཤེགས་དམ་པའི་ཐུགས་དགོངས་མཐུ་ཡི་སྟོབས། །
བསྟན་སྲུང་དམ་ཅན་སྲུང་མར་བདེན་བདར་གྱིས། །
ཞྭ་དཀར་བསྟན་པའི་གཙུག་རྒྱན་མངའ་གསོལ་རྨད། །
203.jpg
གང་གི་གསང་གསུམ་མི་འགྱུར་གཡུང་དྲུང་ཁྲིར། །
གང་སྲིད་འཁོར་བའི་མཐའ་ཡང་མ་ནུབ་བར། །
གང་གི་ཁྲི་འཕང་ཞབས་པད་རྟག་བརྟན་ནས། །
གང་དག་འགྲོ་བའི་མགོན་དུ་ཡུན་བཞུགས་ཤིག །
267.jpg

   ཞེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་༣༤པ་དྲང་སྲོང་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་མཉམ་མེད་བླ་མའི་གསེར་ཁྲིར་མངའ་གསོལ་བའི་བཀྲ་ཤིས་རྟེན་འབྲེལ་དུ་མདོ་སྨད་ཤར་ཟིང་ཆུ་ཡུལ་གྱི་སྤྱི་དགོན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་མིང་པ་ཤེས་རབ་གཡུང་དྲུང་དབང་རྒྱལ་ལམ་རིན་སྤུངས་པ་བླ་མ་ཚེ་རིང་གིས་༧སྐྱབས་རྗེ་གང་གི་གཞིས་ཡུལ་གྱི་དགོན་མ་ལག་བཅུ་དགུའི་འཐུས་ཚབ་ཏུ་ཕུལ་བ་ལགས།