གཙོ་ཚང་འཁོར་ལོ་རྒུ།

1.jpg

   མདོ་སྨད་ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་བརྡལ་དུ་གནས། གནས་དེ་ལ་ཤར་དུང་རིའི་གནས་ཁང་བཞིའི་ཡ་གྱལ། གསེར་མཚོའི་གནས་ཁང་ནས་བརྒྱུད་པའི་གངས་ཆུ་ཞིག་ཡོད། གནས་དེར་ལོ་བརྒྱ་ཕྲག་དུ་མའི་གོང་ནས་དེང་བར་བོན་གྱི་རིགས་དྲུག་འཁོར་ལོ་སོགས་འཁོར་ལོ་ཆེ་ཆུང་སྣ་ཚོགས་ཡོད།

3.jpg

   གཙོ་ཚང་དགོན་པའི་ལོ་རྒྱུས་ལས། ཆུ་དེར་དགུན་གྱི་གྲང་ངར་ཆེ་དུས་ཆུ་ལ་རྩྭ་ལྡུམ་སྔོ་ལ་སོགས་སྐྱེས་པ་དང་། དབྱར་གྱི་ཚ་བ་ཆེ་དུས་ཧ་ཅང་བསིལ་ལ་ངོ་མཚར་རབ་ཏུ་ཆེའོ། །ཞེས་སོགས་བྲིས་འདུག འདི་ལ་མིང་གཞན། གཏེར་ཆུ་རྒུ་ཟེར། གནའ་ནས་དེང་བར་ཚེས་བཟང་ཉིན་ལ་ཤར་ཁོག་གི་མི་རྣམས་དེར་འཛོམས་ནས་ཁྲུས་སོགས་བྱེད་སྲོལ་ཡོད།

2.jpg