ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་མཛད་སྒོ།

IMG_2837.JPG

   དེ་ཡང་ཕྱི་ལོ༢༠༡༩ལོའི་ཟླ༤ཚེས་༡༩དང་བོད་ཟླ༣ཚེས་བཅོ་ལྔ་ཉིན། ཞོགས་པ་ཕྱག་ཚོད་དྲུག་ཡས་མས་སུ་དཔོན་སློབ་རིན་པོ་ཆེ་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག་གཙོ་པས་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་བརྒྱ་ཕྲག་ཟིན་ལ་ཉེ་བའི་འདུས་མང་ཡོངས་སྲིད་རྒྱལ་ལ་བཙས་སུ་ཕེབས་འཛོམས་ཐོག་བསང་གི་སྔོན་འགྲོ་དག་གཙང་གི་གཞུང་ཚིག་དང་བསྟུན་ཏེ་ལྷ་ཀླུ་མི་ཡི་ཡུལ་དུ་དག་གཙང་གནང་རྗེས། ཕྱི་བར་ཆད་ངོ་ལྐོག་ལས་ཀྱི་དགྲ། ནང་གི་བར་ཆོད་ནད་རིག་གདོན་གྱི་དགྲ། གསང་བ་རུ་ཏྲའི་རྟོག་ཚོགས་བར་ཆོད་ཐམས་ཅད་མཚམས་ཆོད་པ་དང་། མ་བདུད་བཙན་གསུམ་གྱི་ཐུགས་དམ་བསྐང་བར་གསོལ་ཞིང་། མཐར་ཡུལ་སའི་བསྟོད་ཚོགས་དང་བཅས་པ་གསུངས་ཏེ་རླུང་རྟ་སྒྲོན་འཛུགས་གནང་།

IMG_2838.JPGIMG_2839.JPG
དེ་ནས་ཕྱི་རུ་ཤེས་རབ་སྨྲ་བའི་སེང་གེའི་སྟོང་སྐུ་གཞལ་ཡས་ཁང་མདུན་ཁྱམས་སུ་ཕེབས་པ་དང་།  ལྷ་རྫས་དྲི་མེད་ཁ་བཏགས། དྲི་ཞིམ་སྤོས་ངད་ལྡན་པས་དཔལ་ལྡན་མཁན་སློབ་རྣམ་གཉིས་ཀྱི་གསེར་ཞལ་སྤྱན་དྲངས་ཞུས་ཤིང་བསླབ་གསུམ་སེམས་དཔའ་རྒྱ་མཚོས་གསོལ་བ་རྩེ་གཅིག་བཏབ་པའི་སྒོ་ནས་ལྷ་རྒྱལ་དང་བསྟན་རྒྱས་སྨོན་ལམ་གསུང་གནང་མཛད་དེ་དཔལ་ལྡན་མཁན་སློབ་རྣམ་གཉིས་ཀྱིས་སྲིད་པའི་བརྡ་དར་ཆེན་པོ་མུ་མེད་མཁའ་དབྱིངས་སུ་བསྒྲེངས།IMG_2840.JPGIMG_2840.JPG

དེ་ནས་འཆད་རའི་ནང་དུ་དཔལ་ལྡན་མཁན་སློབ་རྣམ་གཉིས་དང་དགོན་པ་སོ་སོའི་དབུ་བླ་རྣམ་པ། རབ་བྱུང་བཙུན་པའི་མུ་ཁྱུ། གཤམས་དུ་དད་ལྡན་མི་མང་རྣམས་རྒྱས་འཛོམས་བཞུགས་པའི་ཐོག སྨྲ་སེང་བསྟོད་པ་ཀུན་སྐྱབས་མཐུ་ལྡན་གྱི་ཇ་མཆོད་གསུངས་ཏེ་འོ་ཇ་འབྲས་སིལ་གྱི་མཆོད་པར་བླ་མེད་འབུལ། IMG_2842.JPG

དེ་ནས་དཔལ་ལྡན་མཁན་རིན་པོ་ཆེས་དུས་ཆེན་གྱི་མཛད་སྒོ་དང་འབྲེལ་དགོན་ཁག་གི་བསྟན་པ་དར་ཚུལ་དང་ཐོས་བསམ་སློབ་གཉེར་བྱེད་ན་མཐའ་རུ་ཕྱིན་དགོས་ཚུལ། སློབ་མས་སློབ་དཔོན་ལ་བརྩི་བཀུར་བྱེད་སྟངས་སོགས་མི་ཉུང་བ་ཞིག་ལེགས་བཤད་སྨན་གྱི་བཀའ་སློབ་བསྩལ།  དཔོན་སློབ་རིན་པོ་ཆེས་བཤད་སྒྲུབ་འདུས་སྡེ་དབུ་ཚུགས་ནས་ད་ལྟའི་བར་མི་ལོ་༡༣འཁོར་བའི་ཆགས་རིམ་དང་སྨྲ་སེང་སྒྲུབ་བའི་བསྐོར་དང་སྨྲ་སེང་སྨན་སྒྲུབ་ནི་༧གྲྭ་ས་སྨན་རིའི་གླིང་ནས་བརྒྱུད་དེ་གནས་འདིར་འཕེལ་ཚུལ།  ལོ་རེ་བཞིན་ཡོན་བདག་རྣམ་པའི་བཀའ་དྲིན་ལ་བརྟེན་འཚོ་བའི་ཆ་རྐྱེན་གྱ་ནོམ་པ་ཡོད་ཚུལ་སོགས་བཀའ་སློབ་ཕུན་སུམ་ཚོགས་པར་བསྩལ།IMG_2843.JPG

རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྤྲུལ་སྐུ་མཆོག་ནས་མཛད་སྒོ་དང་འབྲེལ་དགོན་པ་ན་གཙོ་བོར་གྲྭ་རྒྱུན་དེ་ཡོད་ན་དགོན་པའི་མཚན་ཉིད་འཛིན་ལུགས་སོགས་བཀའ་སློབ་གནད་དོན་མི་ཉུང་ཞིག་གནང་།

IMG_2844.JPGIMG_2844.JPGIMG_2844.JPGདེ་ནས་སློབ་མ་རྣམས་པས་གཞུང་རྒྱུགས་ཁག་ལས་དམིགས་བསལ་ངག་རྒྱུགས་ཕུལ་མཁན་དག་ལ་གཟེངས་བསྟོད་བསྩལ་བ།ལོ་རེ་བཞིན་བཤད་སྒྲུབ་འདུས་པ་གྲྭ་ཚང་ནས་དགེ་སློབ་འདུས་པ་ལྷན་རྒྱས་ལ་ངུར་སྨྲིག་ན་བཟའ་གོས་དྲུག་ཆ་ཚང་རེ་ལག་ཏུ་གནང་བའི་བཀའ་དྲིན་བསྩལ།

IMG_2847.JPGIMG_2847.JPGདེ་དག་གི་མཛད་རིམ་གྲུབ་རྗེས།  རྒྱུ་འབྱོར་གཏོང་ཕོད་ཅན་རྣམ་ཀུན་རྒྱབ་སྐྱོར་གནང་བའི་ཡོན་བདག་རྣམས་པར་བཀའ་དྲིན་མཚོན་ཕྱིར་དད་པའི་དམིགས་རྟེན་དུ་ཚོགས་རྫས་རེ་གནང་བའི་རྗེས་ལ།  ཉིན་གུང་གི་གསོལ་ཚིགས་བཞེས་ཏེ་དགའ་དགའ་སྐྱིད་སྐྱིད་ངང་ནས་བགྲང་བྱ་༡༣༾འཁོར་བའི་དུས་སྟོན་གྱི་མཛད་སྒོའི་མཇུག་གྲུབ་པའོ།།