ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་མཛད་སྒོ།

IMG_3089.JPG
IMG_3089.JPG 

དེ་ཡང་བཀྲ་ཤིས་པའི་ཉིན་མོ་སྟེ། ༢༠༡༨ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ནི་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དུས་ཆེན་ཉིན་ཡིན་སྟབས་དུས་ཀྱི་མཛད་སྒོ་སྤེལ་ཏེ།

IMG_3096.JPGIMG_3092.JPG

མཛད་སྒོའི་སྟེང་དགའ་མལ་དགོན་ཆེན་གྱི་མཁན་ཆེན་༧ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་། དཔོན་སློབ་༧ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་གཙོས་པའི་དགོན་ལག་ཁག་གི་བླ་སྤྲུལ་འགའ་དང་། དེ་བཞིན་བཤད་སྒྲུབ་འདུས་སྡེ་གཙོས་དེ་གའི་ལྷ་སྡེ་མི་དམངས་ལྷན་འཛོམས་ཀྱི་ངང་ནས་དུས་ཆེན་གྱི་མཛད་སྒོ་སྤེལ།

IMG_3094.JPG
IMG_3102.JPG

དེ་ཡང་ཉིན་དེའི་སྔ་མོ་ནས་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་སྲིད་རྒྱལ་ལ་བཙས་ལ་ཕེབས་ནས་སོ་སོའི་བརྩོན་པ་ཡང་དག་དགེ་བའི་ལས་ལ་མི་མཐུན་པའི་རྐྱེན་ངན་བར་ཆད་མི་འོང་ཞིང་ནམ་ཡང་ལྷ་དང་སྲུང་མས་མགོན་སྐྱབས་དང་། ཡུལ་ས་གཞི་བདག་རྣམས་ནས་ཁ་འཛིན་སྡོང་གྲོགས་མཛད་དེ་མཐུན་རྐྱེན་ཡང་དག་འགྲུབ་སླད་དུ་བསང་མཆོད་གསུངས་ཏེ། དྲི་ཞིམ་བསང་རྫས་ཕུལ་བ་དང་། རླུང་རྟ་སྤུ་སྒྲེང་སོགས་མཛད།

IMG_3091.JPGIMG_3091.JPG
IMG_3103.JPG

དེ་ནས་སྔ་དྲོ་ཆུ་ཚོད་བཅུ་བའི་སྟེང་འདུས་སྡེ་ཡོངས་ནས་ཤེས་རབ་སྨྲ་སེང་སྟོང་སྐུའི་གཞལ་ཡས་ཁང་གི་མདུན་ཁྱམས་སུ་ལྷ་རྒྱལ་དང་། བསྟན་པ་རྒྱས་པའི་སྨོན་ལམ་གྱེར་འདོན་གནང་དང་འབྲེལ་ཏེ་དགོན་ཆེན་གྱི་མཁན་སློབ་རྣམ་གཉིས་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བརྡ་དར་མཁའ་ལ་སྒྲེང་བར་མཛད།

IMG_3097.JPG

དེ་ནས་སྦྲ་གུར་དཀར་པོའི་ནང་དུ་མཁན་སློབ་རྣམ་པ་ཡར་གདན་ཞུས་གནང་སྟེ། དགོན་ལག་ཁག་གི་བླ་སྤྲུལ་རྣམས་དང་། བཤད་སྒྲུབ་སྡེ་པ་དང་། ད་ཐེངས་ཀཀྱི་འབུམ་ཚོགས་ཡོན་བདག་རྣམས་ཡར་ཕེབས་ཏེ། སེར་སྐྱ་ཡོངས་ལ་འབྲས་བསིལ་དང་འོ་ཇ་དྲངས། ཞོར་དུ་དགོན་ཆེན་གྱི་མཁན་སློབ་རྣམ་གཉིས་གཙོས་གོང་རིམ་ནས་དུས་ཆེན་འདི་དང་འབྲེལ་ཏེ་བཀའ་སློབ་རིན་ཐང་ལྡན་པ་མང་པོ་བསྩལ་གནང་མཛད།

IMG_3098.JPGIMG_3098.JPG

དེ་ནས་རིམ་བཞིན་འདུས་སྡེའི་རབ་བྱུང་པ་རྣམས་ལ་པད་ཞུ་གནང་བ། བརྩོན་འགྲུས་ཀྱི་འབད་འབུངས་ཆུ་བོའི་རྒྱུན་ལྟར་བསྲིངས་ནས་དམིག་བསལ་གྲུབ་འབྲས་ཐོབ་པའི་གཞུང་རྒྱུགས་སོགས་འབུལ་མཁན་ཁག་ལ་གཟེངས་བསྟོད་གནང་།

IMG_3100.JPGIMG_3100.JPG

   དེ་བཞིན་ད་ཐེངས་ཀྱི་འབུམ་ཚོགས་ཡོན་བདག་རྣམས་ལ་གསོལ་སྨོན་འབྱོར་ལན་གྱི་དཔང་ཡིག་སོགས་གནང་།  དུས་ཆེན་འདི་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་མཚོན་བྱེད་དུ་རྒྱུན་ཤོག་གི་ལམ་ནས་རྟེན་འབྲེལ་ཚན་པ་དགུ་སྒྲིག་སྟེ་རྒྱུན་ཤོག་སྤྲུགས་པར་བྱེད། གཞན་ལོ་ལྟར་འཆར་ཅན་བཞིན་འདུས་སྡེ་ཡོངས་ལ་གྲྭ་ཆས་ཆ་ཚང་རེ་གནང་། དེ་ནས་ཆུ་ཚོད་བཅུ་གཉིས་ཐོག་སེར་སྐྱ་ཡོངས་ནས་ཉིན་གུང་ཞལ་ལག་གསོལ་ཏེ་དུས་ཆེན་གྱི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་ནས་མཇུག་རྫོགས།