ཟིང་ཆུ་བཤད་སྒྲུབ་འདུས་སྡེས་སྲིད་རྒྱལ་འབུམ་ཚོགས་འབུལ་བ།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་སྲིད་རྒྱལ་འབུམ་ཚོགས་འབུལ་བ།

IMG_2977.JPG

   དེ་ཡང་ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས་ཆེན་མོ། ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་གནམ་འོག་འཛམ་བུ་གླིང་དུ་ས་ཁྱབ་རྡོལ་ཁྱབ་ཏུ་གྱུར་ཏེ་དར་རྒྱས་ཡུན་རིང་དུ་གནས་པ་དང་། ཚུལ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་མཛད་བསྟན་འཛིན་སྐྱེས་ཆེན་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོ་མདོ་སྔགས་ཟུང་འབྲེལ་གྱི་བོན་ལ་ཐོས་བསམ་སྒོམ་གསུམ་གྱིས་བརྩོན་པ་ཚུལ་བཞིན་གནང་བའི་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གཙོས་ཕྱོགས་གང་ས་གནས་པའི་བཤད་སྒྲུབ་ཀྱི་སྡེ་ཡོངས་ལ་ཕྱི་ནང་གསང་བའི་དགྲ་བགེགས་གདོན་གསུམ་གྱི་མི་མཐུན་པའི་རྐྱེན་ངན་བར་ཆོད་ཐམས་ཅད་ཀྱིས་མི་ཚུགས་ཤིང་།

IMG_2977.JPG

   རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་ཀུན་ཉམས་མེད་ཡུན་རིང་དུ་གནས་ཏེ་རང་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འདོད་དགུ་ཡིད་བཞིན་ལྷུན་གྱིས་འགྲུབ་སླད་དུ།

IMG_2977.JPG

   ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་སྤྱི་ལོ་༢༠༡༠་ཐམ་པ་ནས་ལོ་ལྟར་འཆར་ཅན་དུ་དུས་གསུམ་སངས་རྒྱས་ཀུན་གྱི་བཀའ་སྲུང་བོན་སྐྱོང་གཙོ་བོ་མ་མཆོག་སྲིད་པ་རྒྱལ་འབུམ་ཚོགས་འབུལ་རྒྱུའི་དབུ་འཛུགས་གནང་བ་བཞིན། ད་ལོ་སྟེ་སྤྱི་ལོ་༢༠༡༨ཟླ་༢ཚེས་༢༥ནས་ཟླ་༣ཚེས་༤ཡི་བར་ཉིན་བཅུའི་རིང་ལ་ཐེངས་དགུ་བའི་འབུམ་ཚོགས་རྒྱས་འབུལ་གནང་བ།

IMG_2977.JPG
IMG_2977.JPG