ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེའི་དུས་ཆེན།

དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེ་དུས་ཆེན་གྱི་མཛད་སྒོ་སྤེལ་བ།
01.jpg
03.jpg
02.jpg

 ༢༠༡༧ལོའི་བོད་ཟླ་༣པའི་ཚེས་༡༥ཉིན་ཞོགས་པར་ཕྱག་ཚོད་༧ཡས་མས་མཚམས་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་དགའ་མལ་བཤད་སྒྲུབ་འདུས་སྡེའི་གྲྭ་ཚང་ལྷན་རྒྱས་ཡོངས་སུ་སྲིད་རྒྱལ་ལ་བཙན་དུ་ཕེབས་ཏེ་བསང་གསོལ་ཕུལ་བ།

05.jpg
04.jpg

   དེ་ནས་ཕྱག་ཚོད་10:00ཐོག་དགའ་མལ་དགོན་ཆེན་གྱི་མཁན་སློབ་ཉི་ཟླ་རྣམ་གཉིས་དབུས་བས་དགེ་འདུན་འདུས་མང་ཡོངས་ནས་བསྟན་འབར་རྒྱས་པའི་སྨོན་ལམ་གསུངས་པ་དང་ལྷ་རྒྱལ་འཐེན་ཚར་བའི་རྗེས།

07.jpg
06.jpg

༸ མཁན་ཆེན་རིན་པོ་ཆེ་བསྟན་དོན་དུ་དགོན་ཆེན་ལ་བཞུགས་མེད་སྟབས་༧དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་འཚོགས་མགོན་དུ་གདན་དྲངས་ཏེ་ཁོང་གིས་བསླབ་གསུམ་བཙུན་པའི་མུ་ཁྱུ་ལ་གྲྭ་པ་ཡིན་ན་ཡིན་དགོས་རིན་ཐང་དང་སློབ་གཉེར་བ་ཡིན་ན་སློབ་སྦྱོང་ཡར་རྒྱས་གཏོང་དགོས་པའི་ཐད་ལ་བཀའ་སློབ་ཟབ་རྒྱས་བསྩལ་བའི་མཐར།

10.jpg

   ལོ་རེ་ལྟར་བཤད་སྒྲུབ་འདུས་སྡེའི་གྲལ་དབུས་ནས་གྲུབ་འབྲས་ཐོན་པའི་སློབ་མ་ཤས་འགར་གཟེངས་བསྟོད་གནང་བཞིན་པའི་རྣམ་པ།

11.jpg

   མདོ་སྔགས་སེམས་གསུམ་གྱི་འཆར་ཅན་གཞུང་རྒྱུགས་ཁག་ལས་དམིགས་གསལ་འགྲེལ་གཞུང་རིགས་ངག་རྒྱུགས་སུ་ཕུལ་ཏེ་མཐར་གཟེངས་བསྟོད་མནབས་པའི་ཚུལ།

12.jpg
13.jpg

   དེ་ནས་ཕྱག་ཚོད་12:00ཐོག་དཔོན་སློབ་རིན་པོ་ཆེ་གཙོ་པས་བཤད་སྡེའི་དགེ་སློབ་རྣམས་དང་མཛད་སྒོའི་ཁར་ཕེབས་ལྷ་སྡེའི་དཔོན་རིགས་བཅས་དང་དད་ལྡན་མི་སྐྱ་ཡོངས་རྫོགས་ནས་མཉམ་དུ་ཉིན་གུང་གསོལ་ཚིག་བཞེས་ཏེ་མཐར་རྒྱལ་ཁའི་ངང་མཛད་སྒོའི་འཇུག་གྲུབ་པར་ལེགས་སོ། །བོན་རྒྱལ་ལོ།།