སྲིད་རྒྱལ་འབུམ་ཚོགས་ཕུལ་བ།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་སྲིད་རྒྱལ་འབུམ་ཚོགས་འབུལ་བ།

6.jpg
1.jpg

   དེ་ཡང་ལོ་རེའི་འཆར་ཅན་ལྟར་བོད་མེ་བྱ་ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་གཉིས་ནས་དབུ་བཟུང་སྟེ་ཉིན་བཅུའི་རིང་ལ་ཟིང་ཆུའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ཀྱིས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་རྒྱལ་བ་གཤེན་རིན་པོ་ཆེ། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་མཁན་ཟུར་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ། དཔོན་སློབ་ཤེས་རབ་མཐར་ཕྱིན་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་ནས་ཡུན་དུ་བརྟན་པའི་དོན་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་མོ་༧མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཕུལ་བ་རེད།

13.jpg
14.jpg
15.jpg
17.jpg
2.jpg

   གཞན་དེ་འབྲེལ་གྱི་འགྲོ་བ་རྣམས་ཀྱི་སྐུ་ལས་དབང་ཐང་རྒྱས་ཤིང་བདེ་སྐྱིད་ཀྱི་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་བཀའ་སྐྱོང་བོན་སྐྱོང་ཚོགས་ལ་དུས་རྣམས་ཀུན་ཏུ་མ་གཡེལ་བའི་འཕྲིན་ལས་བཅོལ་བའི་མཛད་འཕྲིན་བསྐྱངས་པ་རེད།

10.jpg
20.jpg
8.jpg
9.jpg
19.jpg