གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སླར་གསོ་གནང་ནས་ལོ་འཁོར་བཅུ་ལོན་པའི་དུས་ཆེན།

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སླར་གསོ་གནང་ནས་ལོ་འཁོར་བཅུ་ལོན་པའི་དུས་ཆེན་གྱི་མཛད་སྒོ་སྤེལ་བ།
04.jpg
05.jpg
གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེའུ་ལོའི་ཟླ་བ་གསུམ་པའི་ཚེས་༡༥ཕྱི་མ་སྟེ། སྤྱི་ལོ་༢༠༡༦ལོའི་ཟླ་བ་༤ཚེས་༢༢ཉིན་ལ། མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་སླར་གསོ་གནང་སྟེ་མི་ལོ་༡༠འཁོར་བའི་དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སྤེལ།

02.jpg
01.jpg
     དེ་ཡང་ཚོགས་ཐོག་ཏུ་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧སྨན་རིའི་དགེ་བཤེས་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག དགའ་མལ་གཡུང་དྲུང་དར་རྒྱས་དགོན་པའི་དབུ་བླ་ཁྱུང་ཚ་མཁྱེན་རབ་བརྩེ་ཆེན་གཙོས་པའི་མཁན་སློབ་བླ་སྤྲུལ་དགེ་བཤེས་དགོན་ལག་ཁག་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྣམ་པ་དང་། དེ་བཞིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་དང་གཞན་༢༠༡༦ལོའི་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཀྱི་བསྟན་པའི་སྦྱིན་བདག་རྣམས་གཙོས་པའི་སྐྱ་སེར་བརྒྱ་ཕྲག་དུ་མ་འདུས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་སླར་གསོ་གནང་སྟེ་མི་ལོ་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་སྤེལ་བ་རེད།
08.jpg
09.jpg
མཛད་སྒོའི་རིམ་པ་ལ་ཡང་། ཐོག་མར་སྔ་དྲོར་བཤད་སྒྲུབ་སློབ་གཉེར་བ་ཡོངས་ནས་བསང་གསོལ་གྱི་ཆོ་ག་སྤེལ་བ་དང་། དེ་ནས་སྔ་དྲོའི་ཆུ་ཚོད་༡༠སྟེང་ནས་མཁན་སློབ་བླ་སྤྲུལ་བཤད་སྒྲུབ་སློབ་མ་སོགས་བླ་གྲྭ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་དེ་ནས་དུས་ཆེན་གྱི་མཛད་སྒོ་སྤེལ་ཏེ་ཐོག་མར་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་སོགས་ནས་བཀའ་སློབ་གནང་བ་དང་། དེ་ནས་འཕར་རྒྱུགས་སྤྲད་མཁན་གྱི་སློབ་མ་རྣམས་ལ་བྱ་དགའི་དཔང་ཡིག་སོགས་གནང་།

001.jpg
 003.jpg

002.jpg
000000.jpg
དེ་ནས་སྲིད་རྒྱལ་འབུམ་ཚོགས་ཀྱི་སྦྱིན་བདག་ཕུལ་བའི་བཤད་སྒྲུབ་སློབ་གཉེར་བ་ཡོངས་ལ་ན་བཟའ་ཆ་ཚང་རེ་གནང་བ་དང་དེ་ནས་སྐྱ་སེར་ཡོངས་ནས་ཉིན་གུང་ཞལ་ལག་གསོལ་བ་དང་བཅས་ཏེ་དུས་སྟོན་མཛད་སྒོ་མཇུག་བསྒྲིལ་བ་རེད། 

ཞེས་དུས་སྟོན་མཛད་སྒོའི་གནས་ཚུལ་གནད་བསྡུས་ཙམ་དུ་དྲུང་ཡིག་ཚན་ཁག་གིས་སྤེལ།