དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་སྨྲ་སེང་སྒྲུབ་པར་བཞུགས་པ།

 མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྡེས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པ།

03.jpg
06.jpg
04.jpg
དེ་ཡང་ལོ་རེའི་འཆར་ཅན་ལྟར་མེ་སྤྲེལ་༢༠༡༦ལོའི་ཟླ་བ་༣པའི་ཚེས་༡༥ཉིན་ནས་དབུ་བཟུང་སྟེ་ཉིན་བདུན་གྱི་རིང་ལ་དགའ་མལ་དགོན་ཆེན་གྱི་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་སྐུ་དངོས་དབུས་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་བཅས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་མ་རིག་མུན་སེལ་གྱི་གཞུང་བསྲང་སྟེ་སྒྲུབ་ཆེན་གྱི་འགོ་ཟིན་པ་རེད།