རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ། སྤྱིའི་འདོན་ཐེངས་གཉིས་པ།

དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱིས་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་སྤྱིའི་འདོན་ཐེངས་གཉིས་པ།
01.jpg
01.jpg
མདུན་ཤོག་པར་རིས།

02.jpg
མདུན་ཤོག་ནང་མ།
000000.jpg
རྒྱབ་ཤོག་ནང་མ།
801.jpg
མཁན་ཆེན་རིན་པོ་ཆེའི་ཤིས་ཚིག
803.jpg
803.jpg
803.jpg
804.jpg
805.jpg
དཀར་ཆག

གླེང་གཞི་དྲུང་མུའི་རང་གཤིས།

རིན་སྤུངས་ཚུལ་བསྟན།

   དེ་ཡང་དེང་དུས་རབས་ཉེར་གཅིག་པའི་སྐབས་འདི་ནི། དྲ་བའི་རིག་གནས་ལ་བརྟེན་ནས་འཛམ་གླིང་གོང་བུ་གཅིག་གྱུར་དུ་འགྲོ་བཞིན་ཡོད་པ་དང་། ས་སྒང་འདི་ལ་གནས་པའི་སྐྱེ་འགྲོ་ཡོངས་ཀྱིས་ཕྱི་དངོས་པོའི་དཔལ་ཡོན། ནང་ཤེས་རིག་གི་དཔལ་ཡོན་ཐད། མཁས་བརྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད་ཀྱི་སྒོ་ནས་རྒྱལ་ཁབ་དང་མི་རིགས་སོ་སོའི་ཐུན་མོངས་མ་ཡིན་པའི་རིག་པའི་གཞུང་ལུགས་རྣམས་དར་སྤེལ་དང་ཁྱབ་བསྒྲགས་ཀྱིས་འཛིན་སྐྱོང་གནང་སྟེ་འཛམ་གླིང་གཅིག་གྱུར་རང་བཞིན་གྱི་རིག་གཞུང་ལ་ཁ་ཕྱོགས་བཞིན་པ་དང་། དེ་ལྟར་གཡུང་དྲུང་བོན་གྱི་རིག་གཞུང་ངམ་མདོ་སྔགས་སེམས་གསུམ་དང་ཐེག་པ་རིམ་དགུ། ཕྱི་ནང་གསང་གསུམ། བཅུ་ཕྲག་རིག་པའི་གནས་ཆེན་གྱི་དྲོད་སྣང་ལྡན་པའི་ཞང་བོད་ཀྱི་ཤེས་རིག་ཀྱང་དེང་འཛམ་གླིང་ཡུལ་གྲུ་ཁག་གི་མཁས་དབང་ཞིབ་འཇུག་པ་མཐའ་ཡས་པ་ཞིག་གིས་ཞིབ་འཇུག་དང་དོ་སྣང་གི་ཡུལ་དུ་ཆགས་ཡོད་ཅིང་། ཁྱད་པར་དུ་རྒྱལ་སྤྱི་དང་རྒྱལ་ནང་དུ་ཞང་ཞུང་ཤེས་རིག་གི་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་གི་ཚོགས་འདུ་སྔ་ཕྱི་དུ་མ་འཚོགས་ཏེ་ཞང་ཞུང་གི་རིག་གཞུང་འདི་ཉིད་སྔ་ལས་གཟི་འོད་དང་ཞིབ་འཇུག་གི་རིན་ཐང་ལྡན་པར་ངོས་འཛིན་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། སྤྱིར་དུས་དེབ་དང་ལོ་དེབ་ཚགས་པར་གྱི་རིག་གནས་ནི་དུས་རབས་ཉི་ཤུ་བའི་ནང་ལ་འཕེལ་རྒྱས་ཆེ་བའི་རིག་གཞུང་ཁྱབ་སྤེལ་གྱི་གར་སྟེགས་ཤིག་ཏུ་ཆགས་པ་དང་། བོད་མི་རིགས་ལ་མཚོན་ན་དུས་དེབ་ཀྱི་རིག་གནས་དར་ནས་མི་ལོ་བཅུ་ཕྲག་འགའ་ལས་སོང་མེད་ལ།
   ཁྱད་པར་དུ་ཞང་བོད་ཀྱི་རིག་གཞུང་སྲོང་ཤིང་གནང་བའི་ལོ་དེབ་ནི་མི་ལོ་སུམ་ཅུ་ཡས་མས་ཀྱི་ཡར་སྔོན་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁས་སློབ་རྣམ་གཉིས་ཀྱི་བཀའ་དགོངས་འོག་གདན་ས་སྨན་རིའི་གླིང་ནས《བོན་སྒོ》ཞེས་པའི་ལོ་དེབ་ཞིག་འགྲེམ་སྤེལ་གནང་སྟེ་རྒྱལ་སྤྱིའི་མཁས་དབང་དུ་མའི་ཞིབ་འཇུག་གི་དཔྱིད་དུ་གྱུར། དེ་ནས་དེང་གི་བར་ལ་རིམ་བཞིན་བོན་དང་འབྲེལ་བའི་རྒྱལ་ཕྱི་ནང་གི་དགོན་སྡེ་དང་སྒེར་གཉེར་ལོ་དེབ་དང་ཚགས་པར་བཅུ་ཕྲག་འགའ་འདོན་སྤེལ་གནང་སྟེ་རང་ཅག་ལ་མཚོན་ན་དགའ་འོས་པའི་གནས་སུ་ཆགས། ཞང་ཞུང་མངའ་ཁོངས་སུ་ཚུད་པའི་ཟིང་ཆུ་ཡུལ་ལུང་ལ་མཚོན་ན་ཡང་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཅིང་ཐུན་མིན་གྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་ཕྱུག་པ་མ་ཟད། མི་ལོ་སྟོང་ཕྲག་དུ་མའི་གོང་ནས་གནའ་བོའི་ཞང་ཞུང་གི་རིག་གནས་ཁོ་ནར་ལོངས་སུ་སྤྱོད་པའི་ཡུལ་གྲུ་ཞིག་ཡིན། དེང་གི་ཆ་ལ་མཚོན་ན་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་པ་དང་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་མཁས་སློབ་བླ་སྤྲུལ་སོགས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་དང་སྒོམ་སྒྲུབ་ཉམས་ལེན་མཛད་པའི་སྐྱེས་བུ་བགྲང་གིས་མི་ལོངས་པ་དང་། དེ་བཞིན་དད་ལྡན་དམངས་ཚོགས་ཀྱང་རང་མི་རིགས་ཀྱི་ངོ་བོ་དང་འདུ་ཤེས་མ་འདོར་ཅིང་། སྤྱི་ཚོགས་ཆེད་མཁས་ཞིབ་འཇུག་པ་ཡང་རྒྱལ་སྤྱི་དང་རྒྱལ་ནང་དུ་མིང་དུ་གྲགས་པ་དུ་མ་ཞིག་བྱོན་ནས་ཞང་བོད་ཀྱི་རིག་གཞུང་འདི་ཉིད་གཙོས་པའི་ཡུལ་ལུང་གི་ཐུན་མོངས་མ་ཡིན་པའི་ཤེས་རིག་དར་སྤེལ་དང་ཁྱབ་བསྒྲགས་ཀྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་པ་རེད།
   དེ་ནས་རང་ཅག་ཤར་ཁོག་གི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་དགའ་མལ་དགོན་ཆེན་གྱི་རིག་གཞུང་ལོ་དེབ་《ཆུ་མྱིག་དཀར་མོ》ཞེས་པ་གསར་སྤེལ་གནང་སྟེ་སྤྱིར་ཞང་བོད་ཀྱི་རིག་གཞུང་དང་སྒོས་སུ་ཟིང་ཆུ་ཡུལ་ལུང་གི་ཤེས་རིག ཡང་སྒོས་སུ་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ན་གཞོན་སློབ་གཉེར་བ་རྣམས་ཀྱིས་རང་སོ་སོའི་བློ་སྟོབས་དང་བསྟུན་ནས་རྩོམ་རིག་སྤེལ་སའི་གར་སྟེགས་ཤིག་བསྐྲུན་པའི་དམིགས་ཡུལ་དུ་བྱས་ཏེ་ལོ་དེབ་འདི་སྤེལ་བ་ལགས། དེ་ཕྱིར་ལོ་དེབ་འདིའི་སྟེང་ལ་སྤེལ་བའི་རྩོམ་ཡིག་རྣམས་རྒྱ་ཆེ་བའི་ཀློག་པ་པོ་དང་མཁས་དབང་རྣམ་པའི་ཡིད་དབང་འགུག་པའི་ངེས་པའང་མེད་ཕྱིར་དགོངས་གསོལ་ཞུ།

ཞེས་རིག་གཞུང་ལོ་དེབ་《ཆུ་མྱིག་དཀར་མོའི་》འགོ་བརྗོད་ཀྱི་ཚུལ་དུ་རིན་སྤུངས་ཚུལ་བསྟན་གྱིས་༢༠༡༧་༡་༡༧ཉིན།

802.jpg
རྩོམ་སྒྲིག་ཚན་ཁག
0011.jpg