ཤར་དུང་རིའི་རིག་གཞུང་བགྲོ་གླེང་གི་གསལ་བརྡ།

IMG_3226.JPG

   ཤེས་རིག་ལ་དགའ་ཞེན་ཆེ་ཞིང་མི་རིགས་ལ་དུང་བ་ཟབ་པའི་ཟིང་ཆུ་རྫོང་གི་ཡུལ་མི་སྤུན་ཟླ་རྣམས་ལ་ཞུ་གསོལ། ང་ཚོས་གོམ་པ་སྤོ་མཚམས་མི་འཇོག་པར་མདུན་ནས་མདུན་དུ་བསྐྱོད་ཅིང་། བབ་བརླིང་སྒམ་གཤིས་ཀྱི་བུ་རབས་ཚ་རྒྱུད་ཅིག་སྐྱེད་སྲིང་བྱེད་པའི་ཀུན་སློང་གི་གཞིར་བཅས་ཏེ་༼ཟིང་ཆུ་རྫོང་བོན་གྱི་རིག་གནས་སྐུལ་སྤེལ་ཚོགས་པའི་༽ཡན་ལག་གི་ཚོགས་པ་༼ཤར་དུང་རིའི་རིག་གཞུང་བགྲོ་གླེང་༽ཞེས་པའི་བླ་དྭགས་ཀྱི་འོག་ནས་སྤྱི་ལོ་༢༠༡༩ལོ་སྤྱི་ཟླ་༦པའི་ནང་དུ་བགྲོ་གླེང་ཞིག་འཚོག་འཆར་ཡོད་ལ། གཙོ་བོ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་ཞེས་པའི་དཔེ་ལྟར་ཟིང་ཆུ་རྫོང་གི་རིག་གནས་པའི་སྡེ་དང་སློབ་གཉེར་བའི་སྡེ་རྣམས། ཕན་ཚུན་འབྲེལ་འདྲིས་དང་། བསམ་བློ་བརྗེ་རེས། གོ་རྟོགས་མཉམ་སྤེལ། དཔུང་པ་མཉམ་གཤིབས་ཀྱིས་ཟིང་ཆུ་རྫོང་མི་རིགས་རིག་གནས་དང་ཡུལ་ལུགས་གོམས་གཤིས་སོགས་ཉམས་རྨས་སུ་སོང་དང་འགྲོ་བཞིན་པའི་སྣང་ཚུལ་རྣམས་བཅོས་བསྒྱུར་བྱ་རྒྱུ་ནི་མི་རབས་ཕྱི་མ་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་ཏུ་ལགས་ན། ངེད་ཟིང་ཆུ་རྫོང་གི་ཤེས་ཡོན་པའི་སྡེ་དང་རིག་གནས་ལ་དགའ་ཞེན་ཆེ་བའི་མི་བུ་ཅག་གིས་ཐུགས་ལ་བརྣག་སྟེ། སྤྱི་ལོ་༢༠༡༩སྤྱི་ཟླ་༤པའི་ཚེས་༣༠ཚུན་ཆད་དུ་དཔྱད་རྩོམ་དང་། བགྲོ་གླེང་གི་ཁ་བྱང་དང་ནང་དོན་གནད་བསྡུས་རེ། ཤར་དུང་རིའི་རིག་གཞུང་བགྲོ་གླེང་ཚོགས་ཆུང་ལ་གནང་རོགས་ཞུ་རྒྱུ་དང་། ལོ་དེའི་ཟླ་༥ཚེས་༣༠ཚུན་ཆད་ལ་བགྲོ་གླེང་ཐོག་ཏུ་ཕེབས་ཆོག་མིན་ལ་སྒེར་བརྡ་གཏང་རྒྱུ་ཡིན། བགྲོ་གླེང་གནང་མཁན་ལ་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་ལ་སྐྱ་སེར་དང་ཕོ་མོའི་ཁྱད་པར་ཡང་མེད། གླེང་བྱའི་ནང་དོན་ལ་ཆོས་ལུགས་སྐོར། ལོ་རྒྱུས་སྐོར། སྐད་ཡིག་སྐོར། ཀུན་སྤྱོད་སློབ་གསོ་སྐོར། དམངས་ཁྲོད་རིག་གནས་སྐོར་བཅས་མདོར་ན་སྤྱི་ཚོགས་ལ་ཕན་ཞིང་རང་གཞན་གཉིས་ཀའི་ཤེས་རབ་ཡར་སྐྱེད་ཡོང་བའི་བརྗོད་བྱ་ཞིག་ཡིན་ན་ཆོག་ཞུ།

རྩོམ་ཡིག་དང་ཁ་བྱང་བསྐུར་ཡུལ།
གློག་རྡུལ་ཡིག་སྒམ། 18628270199@163.com
སྐད་ཕྲན། dalaxiao0199
ཁ་པར་ཨང་གྲངས།
13518435055
151 8372 7789
18628270199