རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོའི་རྩོམ་བསྡུའི་གསལ་བརྡ།

 8888.jpg

   དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་དགོངས་འོག་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ>>སྤྱིའི་འདོན་ཐེངས་བཞི་བ་སྟེ། ༢༠༡༨ལོའི་དེབ་དཔར་དུ་བསྐྲུན་རྒྱུའི་འཆར་གཞི་ཡོད་རྐྱེན། དུས་ཀུན་རིག་གཞུང་སྤྱི་དང་ཁྱད་པར་དུ་བོན་གྱི་རིག་གཞུང་ལ་ཞིབ་འཇུག་དང་རྒྱུས་ལེན། ཉམས་སུ་ལེན་མཁན་གྱི་རྒྱ་ཆེ་བའི་རྩོམ་པ་པོ་རྣམས་ནས་ངེད་<<ཆུ་མྱིག་དཀར་མོའི་>>ལོ་དེབ་ལ་རྩོམ་ཡིག་གི་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་བ་ལགས།

   རྩོམ་ཡིག་གི་ནང་དོན་ལ། གྲུབ་མཐའི་བར་གྱི་ཆགས་སྡང་དང་རིང་དུ་བྲལ་ཞིང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མ་འགལ་བ། རིག་གཞུང་གི་འགྲོས་དང་མ་བྲལ་བ། རྐུ་བཤུས་ཀྱི་འབག་བཙོག་མ་སླད་པའི་རིགས་ཀྱི་རྩོམ་ཡིག་བསྡུ་རྒྱུ་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་རིག་གཞུང་སོགས་ལ་འབྲེལ་བའི་རྩོམ་རིག་ཕྱོགས་དགའ་བསུ་ཞུ་རྒྱུ། 

   དམིགས་བསལ། རང་ཅག་གཡུང་དྲུང་བོན་བསྟན་སྤྱི་ལ་བཀའ་དྲིན་ཆེ་ཞིང་ཁྱད་པར་དུ་སྒྲུབ་རྒྱུད་བསྟན་པའི་བ་དན་མཁའ་ལ་བསྒྲེང་མཁན་གྱི་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧སྒྲུབ་སློབ་ཁྲི་རབས་གཉིས་པ་༧སྒྲུབ་སློབ་ཤེས་རབ་གཡུང་དྲུང་ཚུལ་ཁྲིམས་བསྟན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་མྱ་ངན་རྗེས་དྲན་གྱི་དམིགས་བསལ་ཆེད་བསྒྲིགས་ཤིག་འགོད་འཆར་ཡོད་པས་ཁྱེད་རྩོམ་པ་པོ་རྣམས་ནས་དམིགས་ཀྱི་དགོངས་བཞེས་གནང་སྟེ་རྗེས་དྲན་རྩོམ་ཡིག་བཅད་ལྷུག་སྤེལ་མ་གང་རིགས་སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༢པའི་ཚེས་༢༠སྔོན་ལ་འདི་གའི་རྩོམ་སྒྲིག་པ་ལ་བསྐུར་བ་འཚལ།

   རྩོམ་བསྐུར་ཡུལ། ཟིང་ཆུ་རྫོང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོའི་>>རྩོམ་སྒྲིག་ཁང་།

   འབྲེལ་གཏུགས་ཁ་པར། 13990418773-13518435055
           18628270199-13909043403

   ཡིག་སྒམ།                   897252858@qq.com ----1075326865@qq.com

ཞེས་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོའི་>>རྩོམ་སྒྲིག་ཁང་། 

02.jpg

རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ་>>སྤྱི་དེབ་དང་པོ།

03.jpg
རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ་>>སྤྱི་དེབ་གཉིས་པ།
༢.jpg
རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ་>>སྤྱི་དེབ་གསུམ་པ།