ཟིང་ཆུ་བཤད་སྒྲུབ་འདུས་སྡེའི་གསལ་བརྡ།

   འདི་ག་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ནམ་ཀུན་རྒྱབ་སྐྱོར་དང་ཡི་རངས་གནང་བའི་བསྟན་པའི་ཡོན་བདག་ཧོས་སྐོ་བསྟན་འཛིན་བཀྲ་ཤིས་ལགས་དང་། མཐའ་བ་ཉི་མ་བྱམས་ལགས་གཉིས་ནས་༼དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་འདོན་༽ཞེས་དེབ་གཟུགས་ཅནདཔར་ཐེངས་གཉིས་པ་འདི་ཉིད་སྔར་གྱི་དེབ་གཟུགས་ལས་ཡིག་གཟུགས་སོགས་ཅུང་ཆེ་རུ་བཏང་སྟེ་ཚར་གྲངས་༼༥༠༠༠༽ཐམ་པ་དཔར་སྐྲུན་ཞུས་ཡོད་པ་དེ་དང་། དེའི་ཁ་ལ་༼སངས་རྒྱས་གཉིས་པ་རྒྱལ་བ་མཉམ་མེད་ཆེན་པོའི་གསོལ་འདེབས་ཐུགས་རྗེ་མྱུར་གཟིགས་མ་༽ཞེས་དཔེ་གཟུགས་སྣ་ཐུང་ཅན་ཚར་གྲངས་༼༡༠༠༠༠༽ཐམ་པ་དཔར་སྐྲུན་ཞུས་ཡོད་པ་འདི་གཉིས་ས་ཆ་ང་སའི་འདུས་སྡེ་ཁག་གི་དགེ་སློབ་རྣམ་པའི་ཕྱག་ཏུ་ཚར་རེ་འབུལ་རྒྱུ་ཡིན་པས། ཚར་གྲངས་ག་ཚོད་དགོས་མིན་འབྲེལ་ཡོད་འདུས་སྡེའི་འཚོགས་གཙོ་དང་།

   ཡང་ན་མཁན་པོ་དང་སློབ་དཔོན་སུ་རུང་ནས་ངེས་གཏན་ཡོད་པ་ཞིག་དྲྭ་ལམ་སོགས་སུ་བསྐུར་ཡུལ་ཁ་བྱང་བཅས་མགྱོགས་པོར་བསྐུར་ཐབས་ཞུ། དེ་མིན་དགོན་པ་གྲྭ་ཚང་གི་བཤད་སྒྲུབ་གཉིས་ཀྱི་ཁོངས་སུ་མ་གཏོགས་པའི་བླ་མ་གྲྭ་བ་རིགས་དང་། དགོན་པ་ག་གེ་མོ་བཤད་གྲྭ་དང་སྒྲུབ་གྲྭ་མེད་པའི་རིགས་ལ་གོང་བཞིན་གསོལ་འདེབས་ཐུགས་རྗེ་མྱུར་གཟིགས་མ་ཚར་རེར་འབུལ་རྒྱུ་ཡིན་པར་ལགས་ན། དེ་ལུགས་འབྲེལ་ཡོད་ལས་བྱེད་མི་སྣ་ནས་ཚར་གྲངས་ག་ཚོད་དགོས་མིན་གྲངས་ཐོ་དང་ཁ་བྱང་གཉིས་མྱུར་དུ་གུས་པ་མཁའ་ཡགས་བསྟན་རྣམ་དང་བསོད་ནམས་དབང་སྡུད་ངེད་གཉིས་ཀྱི་ཡིག་ཟམ་སོགས་སུ་མགྱོགས་པོར་བསྐུར་བར་མཁྱེན་ཞུ

མཁའ་ཡགས་བསྟན་འཛིན་རྣམ་རྒྱལ། ཁ་པར། 18180379234  ཡིག་ཟམ། 1119092980@qq.com

བསོད་ནམས་དབང་སྡུད།        ཁ་པར།18728212306     ཡིག་ཟམ། 1336532293@qq.com