གལ་ཆེའི་རྩོམ་བསྡུའི་གསལ་བརྡ།

༢༡.jpg

 དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་གི་༧སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་༼ཁོང་རིན་པོ་ཆེའི་མཛད་རྣམ་གནད་བསྡུས་དྲ་གནས་འདིར་གསལ།http://www.gamalgonchen.com/bo/people/lama/2016-03-18/96.html༽ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ། ཡང་སྒོས་སུ་མདོ་སྨད་ཟིང་ཆུ་ཕྱོགས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་མ་ཟད། མི་ལོ་སུམ་ཅུ་ལྷག་གི་རིང་ལ་སྔ་ཕྱི་དགོན་ཆེན་གྱི་སྒྲུབ་གྲྭ་བ་བརྒྱ་ཕྲག་གཉིས་ལ་ཉེ་བའི་སྒྲུབ་ཐོན་པ་གསོ་སྐྱོང་སོགས་ཀྱི་བཀའ་དྲིན་བསྐྱངས། དེ་ནས་༢༠༡༧ལོ་ནི་ཁོང་རིན་པོ་ཆེ་བསྟན་འགྲོའི་དོན་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་མི་ལོ་བརྒྱད་ཅུར་སོན་པའི་དུས་ཆེན་ཁེལ་བ་དང་བསྟུན་ནས་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེའི་བཀའ་དགོངས་ལྟར་ངེད་མདོ་སྔགས་བཤད་སྒྲུབ་གླིང་གི་རྩོམ་སྒྲིག་ཚན་ཆུང་ཞིག་བཀོད་སྒྲིག་གནང་སྟེ་སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་བསྟན་འགྲོའི་དོན་གྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཏེ་མི་ལོ་བརྒྱད་ཅུར་སོན་པར་བཀའ་དྲིན་རྗེས་དྲན་གྱི་ཆེད་དེབ་ཞིག་བསྒྲིགས་འཆར་ཡོད་པས་ཕྱོགས་ལ་བཞུགས་པའི་རྒྱ་ཆེ་བའི་མཁས་དབང་རྣམ་པ་དང་རྩོམ་པ་པོ། དད་ལྡན་སྨྱུག་ཐོགས་པ་ཡོངས་ནས་རྩོམ་ཡིག་རེ་གནང་བའི་བཀའ་དྲིན་དང་བཅས་ཞུ་བ་ལགས།

སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༡་ཚེས་༡༥སྔོན་ལ་ངེད་རྩོམ་སྒྲིག་ཚན་ཆུང་བསྐུར་གནང་བར་ཞུ།
རྩོམ་བསྐུར་ཡུལ། སི་ཁྲོན་རྔ་བ་ཁུལ་ཟིང་ཆུ་རྫོང་དགའ་མལ་དགོན་ཆེན་གྱི་སྒྲུབ་གྲྭ་མདོ་སྔགས་བཤད་སྒྲུབ་གླིང་།
གློག་རྡུལ་ཡིག་སྒམ། 897252858@qq.com
འབྲེལ་གཏུགས་ཁ་པར། 13990434199