གལ་ཆེ་བའི་གསལ་བརྡ།

༧ སྐྱབས་རྗེ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གིས་བྲག་བྱ་རྒོད་དགོན་དུ་ཀློང་རྒྱས་བདེར་གཤེགས་སྟོང་དབང་ཆེན་མོའི་བཀའ་དབང་བསྩལ་རྒྱུའི་གསལ་བརྡ་གལ་ཆེན།
1221.jpg8888.jpg

 དེ་ཡང་༢༠༡༦ལོའི་བོད་ཟླ་བཞི་བ་ཕྱི་མའི་ནང་ལ་མདོ་སྨད་ཐེ་ཆུ་བྲག་དཀར་བྱ་རྒོད་དགོན་སྨིན་གྲོལ་ནོར་བུ་གླིང་དུ་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ནང་ཚན་༧རྗེ་སྨྲ་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གིས་མདོ་གཡུང་དྲུང་ཀློང་རྒྱས་དང་བདེར་གཤེགས་སྟོང་གི་བཀའ་དབང་བསྩལ་རྒྱུ་ཡིན་པས་ཕྱོགས་ཡོངས་ཀྱི་དད་ལྡན་དམངས་ཚོགས་རྣམ་པས་ཐུགས་འཇགས་འཚལ།
   དེ་ནི་སྤྱིར་སྤྲུལ་བའི་སྐུ་མཆོག་རིན་པོ་ཆེ་ཁོང་ཉིད་དགུང་ལོ་ཤིན་ཏུ་བགྲེས་ཤིང་དཀའ་ཁག་མི་ཉུང་བ་བརྒྱུད་ཀློང་རྒྱས་སྒྲུབ་མཆོད་ཆེན་མོ་ནི་སྔོན་ནས་སྐྱེས་ཆེན་དམ་པའི་སྲོལ་བཟང་བཙུགས་པའི་རང་དགོན་གྱི་ལོ་ལྟར་སྒྲུབ་མཆོད་ཁྱད་པར་ཅན་ཡིན་པ་མ་ཟད། དད་ལྡན་དམངས་ཚོགས་སྐྱ་སེར་སུ་ཞིག་ཡིན་རུང་ཕྱི་མའི་ལམ་ལ་ཆས་སྐབས་སུའང་ཆོ་ག་ཟབ་མོ་འདི་ལ་མ་བརྟེན་ཐབས་གཞན་མེད་པ་ལྟ་བུར་ཆགས་ཡོད་སྟབས་སོགས་ཀྱི་རྒྱུ་མཚན་དུ་ལ་བལྟས་ཏེ་ད་སྐབས་བྲག་བྱ་རྒོད་དགོན་པའི་དོ་དམ་རྣམ་པས་གཙོ་གཉེར་བྱས་ཏེ་རྒྱ་ཆེའི་དད་ལྡན་དམངས་ཚོགས་ལ་ཞབས་ཏོག་ཅུང་རེ་སྒྲུབ་ཁུལ་བྱས་ཡོད་པ་ལགས་པས་གོ་སྐབས་བཟང་བོ་དེ་སླར་ཡོང་མེད་པས་ན་ཁྱེད་རྣམ་པ་སུ་ཡིན་ཡང་དུས་ཐོག་ཏུ་ཁེལ་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བའི་གནས་ཤིག་ཆགས་ཡོད།

ཅེས་བྲག་བྱ་རྒོད་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཟླ་༤བའི་ཚེས་༦ཉིན།